[A:༦༦༢]ཆོས་སུ་བསྐྲུན་པ་དང་། དགེ་འདུན་གྱི་སྡེ་དང་བཙུན་མའི་དགོན་པ་རྣམས་ལ་མཐུན་སྦྱོར་ཕུན་སུམ་ཚོགས་མཛད་པ་དང་ཁྱད་པར་ཆུ་བྱི་ལོར་རྒྱལ་ཡུམ་ཉིད་ཀྱིས་སྔོན་འགྲོ་ལྟ་བུར་རིན་སྒང་བཅུ་གཅིག་ཞལ་གསར་བཞེངས་གནང་ཞིང་། གཤེགས་ཁར་བཀའ་འགྱུར་འདུས་ཚོགས་ལ་ཕྱག་བཅས་ཐུགས་སྨོན་མཛད་པ་འདི་བཞིན་ལ་བློ་ལྡན་རྣམས་ཀྱིས་དཔྱད་པས་དུས་གསུམ་མཁྱེན་པའི་ངོ་མཚར་དང་ཞིང་བརྗེས་ནས་ཡང་སྲིད་ཀྱང་ད་ལྟའི་བར་དུ་རང་རེ་ལ་ཕན་ངེས་ཞིག་ངེད་རང་ལ་གསལ་པོ་ཡོད་ཀྱང་རེ་ཞིག་མི་སྤྲོའོ། །
དགུང་གྲངས་སོ་གཅིག་ཏུ་ཕེབས་ཤིང་ཡོས་ལོར་བླ་བྲང་ཤར་གྱི་གཟིམ་ཁང་རྙིང་མ་སེར་མོར་གྲགས་པ་ལ་ཉམས་གསོ་མགོན་ཁང་གསར་བཞེངས་རྟེན་གཙོ་ཞལ་བྲམ་གཟུགས་ཀྱི་སྐུར་དབུ་ཞབས་བར་གསུམ་གྱི་གཟུངས་ཆ་ཚང་། འཁོར་ལོ་འདོད་གསོལ་སོགས་རིང་བསྲེལ་རྣམ་བཞིའིཕྱུར་པོར་བཀང་བ་ལ་རབ་གནས་ཐུན་མོང་བ་དང་ཁྱད་པར་བ་མཛད། ས་ག་ཟླ་ནང་ལྷ་མཛེས་བུ་ཁྲིད་ཀྱི་སྲས་སྔོན་མ་འཁྲུངས་ཀྱང་མ་བཞུགས། སྣྲོན་ཟླའི་ཡར་ཚེས་གཟའ་སྐར་དགེ་བར་རྗེ་དེ་ཉིད་ནས་ཁོ་བོ་སློབ་གཉེར་གྱི་སྒོར་རྗེས་སུ་བཟུང་བར་ཞག་བཅུ་ལྷག་ནས་གནས་སློབ་དེ་ཉིད་ཀྱི་སྐུ་ཞབས་རིན་པོ་ཆེ་ཐུགས་བྲེལ་རྒྱ་ཆེ་བས་གདུང་ལ་སྐུ་ཡོན་སློབ་གནང་དཀའ་བ་བཅས་ཁོ་བོས་ཞབས་འགྱུར་ཞུས་ན་