[A:༦༦༤]ཚེ་རིང་འཕེལ་འཁོར་བཅས་ལའང་ལུགས་གཉིས་བདག་རྒྱན་བཀའ་དྲིན་ཆེ་བར་བསྩལ། བཀའ་འགྲུར་བཞུགས་སའི་ཀུན་ར་དང་སྣར་ཐང་བཀའ་འགྱུར་ཀྱང་པར་འདེབས་མཛད་པ་བཅས་ལྷ་ཆེན་བཀྲ་ཤིས་ལྷ་ཁང་དུ་བཞུགས། བདག་སོགས་སྐལ་དམན་གྱི་ངོར་ཞབས་འབམ་གྱི་བསྙུན་གཞི་ལྕི་མོ་བཞེད་ཚུལ་གྱི་མཇུག་འཕྲོད་བཞེས་སུ་ཁའུ་སྨན་ཆབ་ལ་ཕེབས་སྐབས་སྐྱེད་ལྷས་སུ་གསོལ་ཚ་སྒྲུབ་ནས་ཆིབས་ཐོག་ཕེབས་ཤིན་ཏུ་དཀའ་བར་ཆིབས་ཆེན་ཆོས་འཕེལ་རག་པས་ཉལ་སྟབས་སུ་འདུག་ནས་ད་ཆིབས་ཤིག་ལྟ་བུའི་རྣམ་འགྱུར་བསྟན་པ་བཞིན་ཆིབས་པས་ཡང་སུག་བཞི་དལ་བུས་སྲང་ནས་འགྲོས་དལ་བྲེལ་རན་པོས་སྐུ་ལ་ངལ་བ་མི་འབྱུང་བའི་སྒོ་ནས་གདན་འདྲེན་ཞུས་པས་ཀུན་ཧ་ལས། དུས་དེ་ཙམ་ལ་མི་དང་ཡབ་སྲས་རྣམས་ཡས་མར་ཆིབས་བསྒྱུར་ཐོག་མཇལ་ཞུར་མཛོད་པ་ལྷ་རྩེ་གཅན་ལུང་གཞིས་རྩེ་སོགས་སུ་ལན་མང་འགྲོ་དགོས་བྱུང་།
དེ་ནས་དགུང་གྲངས་སོ་གཉིས་སུ་ཕེབས་པ་མེ་འབྲུག་ལོར་ལྷ་མཛེས་དབུ་ཁྲིད་ཀྱི་སྲས་རྗེས་མ་འཁྲུངས་ཀྱང་ཞག་ཤས་ནས་གཤེགས། ངེད་རང་ཕུར་སྒྲུབ་ལ་ཐོག་མར་འགྲོ་ཤག་ཡིན་ཀྱང་། ཕུར་སྒྲུབ་ཚུགས་ཉེར་སྒོ་རུམ་དུ་བརྟག་སྒྲིལ་བྱེད་གསུངས་ནས་མཛད་པས་མཐོན། དེ་ལོ་ལྷ་ཆེན་ཁྱམས་སྟོད་ཨག་གླེན་ཀ་བརྒྱད་