R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༦༥
[A:༦༦༥]ཀྱི་ཡ་གྱལ་ཀ་རིང་གསུམ་ཉེན་གཙོང་དོགས་གནས་གང་ཡང་མེད་པར་ཧོར་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་འགྱེལ་པའི་གློ་བུར་རྡིབ་གཞོམ་བྱུང་བས་རིས་མེད་དགོན་ལ་མང་བཀོལ་ཞིག་བཏང་བའི་ཉམས་བཟོ་འཕྲལ་ཚུགས་ཀྱི་གནང་བ་བཞིན། ཞིག་གསོ་བྲིས་རྩི་སོགས་གསར་བསྐྲུན་རབ་གནས་བཅས་དགོངས་བཞེད་བཞིན་འགྲུབ། མ་འགྱངས་པར་རྒྱལ་བ་ཡབ་སྲས་མི་དབང་སྐུ་ཞབས་རྣམས་ཞལ་རྒྱས་ལ་བླ་བྲང་རྒྱལ་མཚན་མཐོན་པོར་ཕེབས་པས་མངའ་རིས་ནས་གུང་སྐུ་ཞབས་གུ་གེ་ཆོས་རྒྱལ་གཞན་ཡང་དཔོན་ཁག་ཁ་ཤས་བཅས་སྟོང་ཕྲག་སྐོར་མཇལ་ཞུར་ཕེབས་ཞོར་ས་སྐྱར་ཡང་བྱོན་པས་ཆིབས་བསུ་ཐབ་འཛིན་སེར་ཕྲེང་སོགས་དང་བཅས་ཕེབས་འཕྲལ་འབྱོར་ཕྱག་གསོལ་སྟོན་ཟབ་རྒྱས་བཞུགས་སྒར་བྱ་ཁྲ་མར་གནང་། བཞུགས་ཞག་གསུམ་གྱི་ཉིན་བར་མར་ཞབས་བརྟན་ཐོག་གུང་སྐུ་ཞབས་ནས་དགུ་ཚན་ཉེར་ལྔ། གུ་གེ་ཆོས་རྒྱལ་མངའ་རིས་དཔོན་སོགས་ཞབས་འབྲིང་རྣམས་ནས་ཀྱང་འབུལ་ཆེན་བཅས། དཔོན་གཡོག་དྲག་བསྡུས་ལ་རྡོ་རྗེ་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་དབང། ས་སྐྱོང་ཉིད་ལ་མགོན་པོ་ཁྲོ་བཅུའི་རྗེས་གནང་ཚེ་དབང་གྲུབ་རྒྱལ་མ་སོགས་གནང། དབང་ཡོན་ཀྱང་དངུལ་སྲང་བརྒྱ་སྐོར་འབུལ་བར་མཛད། ཐོན་ཕྱག་བཞུགས་གྲལ་ཟབ་རྒྱས་ཀྱི་ཐོག་ལེགས་ཆའི་དངོས་འབུལ་རྒྱ་ཆེ་བ་