R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༦༨
[A:༦༦༨]གྱིས་བསྟུམས་ནས་བཞུགས་འདུག་པས་གུང་སྐུ་ཞབས་ཀྱི་སྙན་དར་སྒྲོན་པ་ཡིན་ནམ་སྙམ་ཞིང་མདའ་སོགས་ཀྱི་ཞལ་ཁེབས་བསལ་ནས་མར་བྱོན་དུས་གསུང་ལས་སྔར་དཔོན་ཆེན་ཞིག་གིས་ཀྱང་མགོན་པོར་དངུལ་གྱི་ལྐོག་སྟེགས་ཕུལ་བས་ལྐོག་མ་སྐྲངས་པ་བཞིན་ད་ལམ་ཀྱང་ཞལ་རས་བསྟུམས་པ་དེས་སྐྱོན་ཡིན་འདུག་པས་གདངས་འགྲོ་གསུངས་པ་བཞིན་མངོན་དུ་གྱུར་ཅིང་ཕྱིས་སུ་དེ་རང་གི་རྟོག་པར་ཐོག་མར་ཞལ་རས་དར་བསྟུམས་རྗེ་དེ་ཉིད་གཞིས་རྩེར་ཞིང་བརྗེ་ཉེ་ལ་འོག་ཏུ་བཤད་པའི་རྟེན་འབྲེལ་རྣམས་འགྲིག་པས་རེ་ཞིག་ཞབས་པད་བརྟན་པ་ཡིན་ནམ་སྙམ་སྟེ་མ་ལགས་དེའི་མནལ་ལྟས་སུ་བན་དེ་ལུས་བོང་ཅན་ཞིག་ནས་དབྱུག་ཟླའི་བཅོ་ལྔར་སྐུ་ཞབས་རིན་པོ་ཆེ་ལ་གསོལ་བ་མ་བཏབ་ན་མཁའ་འགྲོས་གདན་འདྲེན་པར་འདུག་གོ་ཟེར་མུར་རྗེ་དེ་ཉིད་དང་མ་ལགས་ཆོས་གྲྭ་ལྷོ་བྱང་གི་དགེ་འདུན་བཅས་ཕྱི་སྐོར་དུ་བྱོན་པའི་མཐར་བཞི་ཐོག་དབང་ཁང་བཞུགས་ཁྲིར་རྗེ་ཉིད་བཞུགས་སོང་བས། མ་ལགས་རང་གི་ཞལ་འདོན་བསྐུལབསྐུས་བས་འདུས་ཚོགས་ནས་གསོལ་འདེབས་མཛད་པ་ཞིག་ཤར་བ་བཞིན་གཞིས་རྩེར་བང་ཕྱིན་ཤད་རྫོང་གི་བཅོ་ལྔར་སླེབས་པ་དང་གོང་གི་ཆོས་སྐྱོང་ལུང་བསྟན་དེའང་འབྱོར་ཞིང་། འདིར་ཡང་བཀའ་འགྱུར་གསུངས་སྒྲོགས། ཚེ་མཆོག་བསྐང་བ། སྒྲོལ་འདོན་སོགས་ཞབས་བརྟན་སྐུ་རིམ་འཕྲལ་