[A:༦༦༩]སྒྲུབ་ཞུས་པས། གཞིས་རྩེར་ཡང་སྐུ་ལ་དངས་བསྐྱེད་བྱུང་འདུག་པས་ན་བསེ་མགོན་ཆེན་པོས་གནས་སློབ་དེ་ལ་རྒྱུད་བསྐུལ་འདྲ་མོས་ཞལ་ཁེབས་བསལ་དུ་འཇུག་པར་མཛད་དམ་སྙམ་ཞིང་འབྲས་བུའང་དེ་བཞིན་ནོ། །
དེ་ལྟར་གཞིས་རྩེའི་ཐུགས་བྲེལ་རྣམས་ཆོད་པས་ཡར་ཕེབས་ཞོར་ངོར་དུ་སྤྱན་འདྲེན་མཛད་པ་བཞིན་ཆིབས་བསྒྱུར་གྱི་ཕེབས་ལམ་ཐོག་ལྷ་ཆུང་སྒང་རྒྱུད་པའི་ནང་ལ་ཕྱག་ནས་བསྩལ། དེ་ནས་ངོར་པའི་ཆིབས་བསུ་ཐབ་བསུའི་སྣ་དྲངས་དགོན་པ་དང་ཁད་ཉེར་འདུས་ཚོགས་ནས་སེར་ཕྲེང་གི་སྤྱན་དྲངས་འཕྲལ་བླ་བྲང་ནས་བསྙེན་བཀུར་གྲུབ་རྗེས་ཐར་རྩེར་བཞུགས། ཞག་ལྔའི་རིང་ལ་བླ་བྲང་ཁག་སོར་སོར་སྤྱན་འདྲེན་དང་བཞུགས་ཚེར་སོགས་སུ་ཉེ་མཁོའི་ཞབས་ཏོག་ཕུལ་ཕྱིན་བཅས་གནས་གཟིགས་མཆོད་འབུལ་མང་འགྱེད་ཁྲོམ་དབང་ནང་དབང་མཇལ་ཕྱག་ཞུ་མི་སྤྱི་སྒེར་ཚང་མའི་རེ་བ་འགྲུབ་པར་མཛད་ཅིང་། གདན་ས་པ་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་དེ་ཉིད་ལུགས་ཟུང་མཁྱེན་སྤྱན་ཡངས་ཤིང་ཞབས་དྲུང་ཡས་མན་སྐུ་དངོས་དང་སྐུ་ཚབ་གཞན་ཡང་དགོན་པའི་ལས་སྣེ་རྣམས་མཁྱེན་རབ་དང་ཕེར་ཡོངས་ཅན་དུ་བཞུགས་པས། ཕན་ཚུན་གཉིས་ཀའི་ལེགས་ལམ་རང་འགྲིག་བྱུང་ཞིང་། ཁྱད་པར་ཐར་རྩེ་རྡོ་རྗེ་འཆང་དེ་ཉིད་ནས་ཚེ་དབང་གུར་མགོན་ཁྲོ་