[A:༦༧༠]བཅུའི་རྗེས་གནང་སོགས་འབུལ་བར་མཛད་ཅིང་བཞུགས་འཚེར་ཤིན་ཏུ་སྤྲོ་བར་བྱུང་འདུག ངོར་ནས་ཆིབས་བསྒྱུར་གྱི་གནས་སུ་བཞུགས་ཞག་གི་དེ་ཁུལ་ལ་མཇལ་ཕྱག་བསྩལ་ཞིང་ཆུ་མིག་སོགསལ་ཕྱག་ནས་མཛད་པས་ཆུ་རྒྱུན་བཟང་པོར་གྱུར། དེ་ནས་ཆིབས་བསྒྱུར་གྱི་ཌ་ཌི་ཁ་ལྷས་བླ་མ་མགོན་ཁང་དཔོན་སློབ། གཉེར་རྒན་སོགས་ཀྱི་རྟ་ཐབ་བསུ་སྔོན་འགྲོའི་ཤབ་དགེ་སྡིངས་བླ་བྲང་དང་ཉེ་བར་སེར་ཕྲེང་གླུ་གཞས་སོགས་ཀྱི་སྤྱན་འདྲེན་གྱི་གཟིམ་ཆུང་དུ་ཕེབས་འཕྲལ་དང་བཞུགས་ཞག་རིང་གསོལ་སྟོན་ལེགས་འབུལ་བསྙེན་བཀུར་མཇལ་ཕྱག་གསུང་བསྐང་ཕྱག་ནས་སྒྲུབ་འཐོར་མང་འགྱེད་ཁྲོམ་དབང་སོགས་བཀའ་དྲིན་སྐྱང་སྟེ་རིམ་གྱིས་ཆིབས་བསྒྱུར་ངོས་གདན་སར་ཕེབས་ཉེའི་སྐབས་ས་སྐྱར་ཡང་དེ་སྔོན་ནས་བག་གེ་ཡོད་མུར་ངེད་རང་གི་ནུ་བོ་དེ་ཡང་བག་གེའི་ན་སྐབས་ཡིན་པས་ཀུན་ཚེར་ཞིང་རྗེ་འདི་ཕེབས་པའི་དགའ་སྤྲོ་ཟུང་སྦྲེལ་ཐོག་ནས་སྨིན་དྲུག་ཟླ་ནང་ཕེབས་ཉིན་སྔ་དྲོ་བཀྲ་ཤིས་དར་རྒྱས་དང་གདན་སར་ཕེབས་སྐབས་ཀྱི་བཅའ་སྒྲིགས་རྣམས་སྔར་སྲོལ་བཞིན་བགྱིས་པའི་ངེད་རང་དང་ཨ་ལྕེ་སྤུན་ནས་བླ་བྲང་ཟམ་གདོང་དུ་ཕེབས་བསུ་མཇལ་དར་ཕྱག་འབུལ་ཕྱག་དབང་ཞུས་ཏེ་དམ་པ་གང་གི་བསྟི་གནས་སུ་ཕེབས་པའི་སང་ཉིན་ཚོམས་ཆེན་དུ་གསོལ་སྟོན་ལེགས་འབུལ་དེ་ནས་མགོན་ཁང་རྣམས་ལ་གཏང་རག་སྐུ་འཁྱོས་