[A:༦༧༡]གསོོལ་རས་གྱ་ནོམ་མང་འགྱེད་སོགས་བཀའ་དྲིན་བསྐྱངས། རང་རང་གི་ལས་ངན་སྨིན་པ་ལྟ་བུའི་མ་ལགས་དང་བདག་ཅག་སྤུན་རྣམས་བག་གེ་དོགས་བཅས་ཀྱི་འཆི་ལ་ཁད་དུ་གྱུར་དུས་རྐྱེན་སེལ་བཀའ་དབང་རྗེས་གནང་བྱབས་ཁྲུས་ལྗགས་ཆུ་གླུད་རྫོང་སོགས་སྒོ་དུ་མས་དུས་མིན་འཆི་བ་ལས་བསྐྱབས་པ་འདི་ཁོ་ནའི་སྐུ་དྲིན་ཀྱང་གཞལ་དཀའ་འོ། །
དེ་ལྟར་བདག་སོགས་ནད་ལས་གྲོལ་མུར་བདག་མོ་ལྷ་མཛེས་བུ་ཁྲིད་ཀྱང་ནད་དེས་སྨྱུང་བར་བཅོས་དང་རིམ་གྲོ་སོགས་རྩེ་སྐྱོང་གནང་རུང་སྐུ་གེགས་ཀྱི་རྣམ་པས་ལྔ་ལམ་དུ་གཤེགས་ཁར་དབུ་མགོོར་ཕེབས་པའི་སྐྱབས་འཇུག་དང་སྤུར་སྦྱོང་རྗེས་སྒྲུབ་དགེ་ཚོགས་རྒྱ་ཆེར་བཀའ་དྲིན་བསྐྱངས་ཤིང་། ཁྱད་པར་བྱང་བུ་ལམ་སྟོན་རྗེ་ཉིད་ནས་གནང་སྐབས་ཁོ་བོའང་ཡོད་པས་དྲི་རྟེན་བྱང་འཛིན་སྙུག་མ་སོགས་ལ་དྲོད་ཚ་ཆིལ་བ་བཅས་སྐུ་དངོས་ལ་ལམ་སྟོན་མཛད་པ་ལྟ་བུ་བྱུང་ཞིང་། སྤུར་ཚྭ་དང་རིང་བསྲེལ་རྣམ་བཞི་བཞུགས་པའི་འོད་དཔག་མེད་ཀྱི་འཇིམ་སྐུ་ཆེ་བ་ལ་རབ་གནས་དང་མཆོད་པ་སོགས་བསྟར། ལོ་ཤས་དུས་མཆོད་ལྟ་བུར་མཁའ་སྤྱོད་མའི་ཚེས་བཅུའི་ཆོ་ག་དགེ་འདུན་ཁ་ཤས་ལ་གནང་ངོ་། །
དེ་ནས་དགུང་གྲངས་སོ་གསུམ་པ་མེ་སྦྲུལ་ལ་མ་ལགས་དེ་ཉིད་ནས་བདག་ཅག་གི་རྣམ་འདྲེན་དམ་པ་འདི་ཉིད་ཀྱི་ཞབས་