R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༧༢
[A:༦༧༢]བརྟན་གཙོ་བོར་གྱུར་པའི་དཔལ་ས་སྐྱའི་བསྟན་པ་གདུང་བརྒྱུད་སྡེ་བཅས་ཀྱི་སྐུ་རིམ་དང་། མ་གྱུར་འགྲོ་བ་ཀུན་གྱི་ཚོགས་བསོག་སྒྲིབ་སྦྱོངས་སུ་དམིགས་ཉིད་ཀྱི་སྐུ་ཆས་གང་ཡོད་རྟེན་བཞེངས་སུ་སྤུངས་པའི་ཞུ་རྟེན་དང་བཅས་གསོལ་འདེབས་མཛད་པ་བཞིན་འོད་དཔག་མེད་གཙོ་འཁོར་གསུམ་དང་ཚེ་དཔག་མེད་ལྷ་དགུའི་སྐུ་རྣམས། བལ་པོ་ལཀྵྨི་མ་ད། ཏོ་བོ་ཏི། དཔལ་རྒྱལ་སོགས་མི་ལྔ་གཡོག་བཅས་ཀྱི་དབོ་ཟླའི་ཚེས་བརྒྱད་ནས་བཟོ་གྲ་ཚུགས་པར་རྒྱུན་འཕར་གྱི་གནང་ཆ་ཟབ་པར་བསྩལ་བ་ཀའི་ནང་རྗེ་ཉིད་ནས་ཚོམས་དམར་དུ་གནོད་སྦྱིན་འཁོར་ལོ་གྲངས་མང་སྒྲུབ་གནང་སྐབས་སྔར་ནས་གཏན་མེད་ལ་བྱི་བའི་རྒྱུ་འཕྲུལ་བྱུང་བ་ནི་གནོད་སྦྱིན་ཕོ་མོ་རྣམས་ནོར་བདག་བྱི་བའི་གཟུགས་ཀྱི་སྣོད་བཅུད་ཕྱྭ་གཡང་འགུགས་པ་ལྟ་བུ་བྱུང་། ཆུ་སྟོད་ཟླ་ནང་གསོལ་ཐབས་ལྷོར་ཕེབས་རྒྱུར་ངེད་རང་གི་ནུ་བོ་དེ་བླ་བྲང་ཕུན་ཚོགས་གླིང་དུ་ཐོག་མར་འགྲོ་རྒྱུ་ཡིན་པས་དྲུང་འཁོར་རྣམས་ཀྱི་བཞེས་བཅས་ཟབས་གཤོམ་མཛད། གསོལ་ཐབས་ཕེབས་འཕྲལ་ཁལ་ཁ་ནས་རྗེ་བཙུན་དམ་པའི་མི་སྣ། ནང་སོ་ཨེམ་ཇི། རྡོ་ལོ་བྷོ་ཤོ་ཁི། ཨལ་ཇི་ཆིང་དབང་ནོ་མོན་ཁང་རྣམས་དང་། ཁྱད་པར་གཡོན་རུའི་དཔོན་དྭ་ལས་བེས་བསེ་བྱང་ཆུབ་རྡོ་རྗེ། ཡུམ་མརྒེན་ཁ་ཐོན། དཔོན་མོ་ཚ་ཁང་དྷ་ར།