[A:༦༧༤]པའི་འཁོར་བཅུ་ལྷག་གི་བསྐོར་ཏེ་ཏབ་གནས་འབྲིང་པོ་བཀའ་དྲིན་བསྐྱངས་པའི་འཐོར་ནས་ཀྱང་བཀའ་གདམས་པའི་དགེ་བཤེས་རྣམས་ཀྱི་ཕྱག་ལེན་ལྟར་རྗེ་ཉིད་ནས་སྒྲུབ་པར་མཛད་དེ་ཡོན་སྒོ་གྲུབ་ནས་སེར་ཕྲེང་སྔོན་འགྲོའི་ཕྱི་བསྐོར་ཕྱག་ནས་འཐོར་བར་ཕེབས་པས་གནམ་གཤིས་ལེགས་ཤིང་འཇའ་སྤྲིན་མེ་ཏོག་གི་ཆར་སོགས་མཐུན་སྣང་དུ་གྲུབ་པ་དང་ཁྱད་པར་མ་ཎི་ཆུ་སྐོར་དུ་ཕེབས་ཙམ་ལ་ཁྲོམ་ཆུ་གློ་བུར་དུ་རྒྱས་པ་སོགས་ངོ་མཚར་མ་ཅི་ཡང་སྟོན་པར་མཛད། དེ་ལྟར་གནང་རྗེས་རབ་སྟོན་བཞུགས་གྲལ་ཚོམས་ཆེན་དུ་བསྩལ་ཞིང་ཀོང་བཞས་སོགས་བཀྲ་ཤིས་ཀྱི་ཡན་ལག་བཅས་མགོ་བཟོ་ཚང་མར་གསོལ་རས་ཡོན་སོགས་བསྩལ། གཞན་ཡང་མ་ལགས་དེ་རང་ལ་སྔར་ནས་མཁའ་སྤྱོད་མའི་སྐུ་ཐང་ཞིག་ཡོད་པར་ཡང་གོང་གཤམ་ཞལ་ཁེབས་སོགས་འབུལ་བར་མཛད་དེ་ཕྱག་ནས་གྲངས་བསོག་གྲས་ལ་ཡོད་སར་ནས་འབྲུ་གསུམ་མཐོ་བརྩེགས་སུ་འབྱར་ཞིང་ལོ་དེར་གཟིམས་ཤར་མགོན་ཁང་དུ་མགོན་པོ་དྲུག་ཅུ་པའི་གཏོར་མ་སྒྲུབ་འཕང་མཛད་པར་ཉིན་གཅིག་དགུག་གཞུག་གཟིགས་སྣང་དུ་མི་ནག་དང་ཐང་ཐེབ་གྱོན་པའི་བན་གཟུགས་ཞིག་གིས་མི་མགོ་གློ་སྙིང་སོགས་འབུལ་ཉམས་དང་དངོས་སུའང་བམ་སྐྱུར་ཚག་སྒྲ་བཅས་བྱུང་བ་སོགས་ལོ་རྒྱུས་འགའ་རེ་ཡོད་དམ་སྙམ།
དེ་ནས་དགུངས་གྲངས་སོ་བཞི་པ་ས་རྟའི་དཔྱིད་ཟླ་ཞིག་གི་