R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༧༥
[A:༦༧༥]གཟའ་ཚེས་དགེ་བར་སྒྲོལ་མའི་གཙུག་ལག་ཁང་སྟེང་མ་འདིའི་ས་ཆོག་རྡོ་རྗེ་ཕུར་པའི་སྒོ་ནས་གནང་སྟེ་ཨར་པོ་ཚུགས་པས་ས་གའི་གོང་ཤིང་རྩི་ལྡེབས་བྲིས་སྐུ་རྣམས་བཞུགས་པའི་རྟེན་ཁྲི་བཅས་གྲུབ་པས་ས་གའི་ཚེས་བཅུ་གཅིག་ཉིན་དབང་ཁང་ནས་སྐུ་རྣམས་ཆོས་གྲྭ་ལྷོ་བྱང་དགེ་འདུན་རྣམས་ཀྱི་སེར་ཕྲེང་བཅས་གཙུག་ལག་ཁང་བཞུགས་ཡུལ་གསར་བསྐྲུན་དུ་སྤྱན་འདྲེན་གྱི་གཞུགས་སུ་གསོལ་བར་གནམ་ས་བར་གསུམ་གྱི་མཆོད་རྫས་ཀྱི་མཛེས་པར་མཛད་པ་ལས་དཀར་ཡོལ་དང་ཤེལ་དཔྱད་རྣམས་ཕལ་ཆེར་གོང་ས་རིན་པོ་ཆེས་གཞིས་རྩེར་སྐུ་འཁྱོས་སུ་བསྩལ་བ་རྣམས་ཡིན་ཞིང་། བྲིས་ཐང་གཙོ་བོར་འཇམ་དབྱངས་ཀུན་དགའ་གྲོལ་མཆོག་གི་ཞལ་བཀོད་རྒྱ་བོད་མདོ་སྔགས་བླ་བརྒྱུད་གཙོ་བསྡུས་གྲས་མཚུངས་སོགས་གནས་སྐབས་དེར་འོས་སུ་ཤར་བས་འོག་ནས་འབྱུང་བའི་མ་ལགས་དེ་ཕེབས་གོང་གི་མནལ་ལམ་དེ་ལྐོག་གྱུར་རྗེན་གསལ་འདྲ་མོར་འགྲིག་ཅིང་། དཔལ་ས་སྐྱའི་གདུང་རབས་རྣམས་ནས་སྐུ་ཚེ་རིང་ཤོས་ཐེག་ཆེན་རིན་པོ་ཆེ་ཡིན་པས་ཚེ་དཔག་མེད་སྐུ་རྣམས་ལ་རབ་གནས་ཀྱང་དེའི་གཞུགས་ཁྲིའི་ཁ་ནས་བྱུང་བས་ཕུགས་ཀྱི་གདུང་རབས་རྣམས་ལ་རྟེན་འབྲེལ་ཤིན་ཏུ་ཤིས་པ་འདི་ཡང་ཡབ་ཡུམ་དེ་གཉིས་ལྔ་བདོའི་དུས་འདིར་དཔལ་ས་སྐྱའི་བསྟན་སྲིད་དར་རྒྱས་ཡུན་བརྟན་ལ་བསམ་བཞིན་བྱོན་པ་ཞིག་གོ །དེ་