R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༧༦
[A:༦༧༦]འཕྲལ་རྟེན་བརྟན་པར་རབ་གནས་ཀྱང་སྩལ། ཡང་ཟླ་བ་དེའི་མཇུག་ཙམ་ནས་ཞབས་འབམ་སྙུན་རོ་འཕར་བའི་སྐུ་ཁམས་ཤིན་ཏུ་ལྟེམ་པར་ཞབས་བརྟན་སྐུ་རིམ་སྤྱི་སྒེར་དུ་མས་ཕུལ་ཞིང་ཆོས་ཁྲིའི་སྟེང་གི་ཚེ་དཔག་ལྷ་དགུ་འཇིམ་སྐུ་རྣམས་ཀྱང་དེ་དུས་སྐུ་རིམ་སུ་བཞེངས་པར་གཟུངས་བཞུགས་རབ་གནས་སོགས་བཀའ་དྲིན་བསྐྱང་སྟེ་འགྱངས་མིན་ནས་གཙུག་ལག་ཁང་འདིར་མཆོད་ཆ་བཅས་བཞུགས་སུ་གསོལ་གྲོ་བཞིན་ཟླ་བའི་ཚེས་གསུམ་ལ་ཁའུ་སྨན་ཆབ་ལ་ཕེབས་པར་ཆར་ཤིན་ཏུ་ཆེ་ཡང་ཉེས་སྐྱོན་གང་ཡང་མ་བྱུང་། གཞན་ཡང་དབུ་རྩེ་གསར་རྙིང་གི་གསེར་ཕིབས་གྲུམ་ཆག་ཆེ་བའི་ཤིང་བསྒྲིགས་གསེར་ཕིབས་སྒྲིག་སྐྱོར་གྱི་སྒོ་ནས་ཉམས་གསོ་མཛད། ལྡེ་ཆུང་པ་བརྩོན་འགྲུས་དང་བཟོ་མགོ་ཀུན་དགའ་བསམ་གྲུབ་ཀྱིས་བསྐུལ་མ་ཞུས་པ་བཞིན་མགོན་ཁང་ནུབ་ཏུ་གྲགས་པའི་འཆམ་སྐུ་ཁྱད་པར་ཅན་རྣམས་ལ་ཉམས་གསོ་གསར་བཞེངས་ལྟ་བུའི་ནང་གཟུངས་དངུལ་སྣོད་བཅས་འབུལ་བར་མཛད་སྐབས་རྗེ་ཉིད་ཀྱི་མནལ་ལམ་དུ། སྔགས་འཆང་ཀུན་དགའ་རིན་ཆེན་གྱི་ཐུགས་དམ་མའི་གཡག་གཟེང་དེ་མིག་འབྱེད་དགོས་ལུགས་བྱུང་བར་གསེར་ཤོག་གི་སྤྱན་བགྱིར་དང་། གཞན་སྤང་བད་སྤེན་བད་དུ་བསྒྱུར་བ་རབ་གནས་ཐུགས་དམ་བསྐང་བ་འཕྲིན་འཆོལ་བཅས་