[A:༦༧༧]བཀའ་དྲིན་སྐྱངས།
གཞན་ཡང་དེ་དུས་ངེད་རང་ཕུར་མཚམས་ལ་ཡོད་ཀྱང་གུང་ཚིགས་ཐུན་དབར་ལ་ས་སྐྱ་བཀའ་འབུམ་ལྗགས་ལུང་གནང་མུར་ནས་ཤོག་བུ་ཁ་རེ་ཕྱག་མེད་སྩལ་ཞིང་སྲིང་མོ་ཚེ་རིང་ཉི་ཟླ་སྒྲོལ་མའམ་བློ་གྲོས་མཆོ་མའམ་རྐྱེན་འགའ་ཞིག་གི་ཀུན་སྐྱིད་ཆོས་སྐལ་བཟང་མོར་གྲགས་པ་འདི་བཙས།
དེ་ནས་དགུང་གྲངས་སོ་ལྔ་པ་ས་ལུག་ལོ་ཁའུ་ཆབ་ཚན་དུས། མདང་རྨི་ལྟས་སུ་མངའ་རིས་ནས་གསེར་གྱི་རྔ་ཤིན་ཏུ་ཡིད་འཕྲོག་པ་ཞིག་སྟེར་མི་བྱུང་ཕེབས་ཉིན་མངའ་རིས་དཔོན་ཇུ་རིབ་བཱ་དུར་གྱི་བསྔོ་རྟེན་ལུས་གང་གསེར་བྱང་ཞོ་དྲུག་ཅུ་བཅས་བྱུང་བས། སྐྱེ་གནས་བཟང་པོ་ཡུལ་མིང་སོགས་ཞིབ་ཆར་འཁོད་པའི་བཀའ་ལན་སོགས་ཀྱང་གནང་། སྐྱེད་ལྷས་རྒྱབ་རིའི་བྲག་གྲུ་པ་ཕྱིར་འཕེན་ན་རུང་མིན་ཞུས་པས། ངེད་རང་ནས་རབ་གནས་བགྱིས་ཚེ་སྐྱོན་མི་ཡོང་ཕེབས་པ་བཞིན་བཀའ་དྲིན་སྐྱངས་སྐབས་ངོས་ཀྱང་ཞབས་རྗེས་སུ་ཡོད་ཅིང་། ད་ལྟའི་བར་དུ་མ་ལྷུང་བ་ལིང་ངེ་ཡོད་པ་འདི་ཡིན།
དེ་སྐབས་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བཞེས་པའི་ཞབས་རྗེས་དགེ་སྒྲུབ་དང་རྗེས་འབྲེལ་དབུས་གཙང་གི་གནས་རྟེན་བླ་མ་དགེ་འདུན་གྱི་སྡེ་སྤྱི་སྒེར་