R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༧༨
[A:༦༧༨]མཇལ་བར་ཁྲི་ཆེན་ཕུན་ཚོགས་བསྟན་པ་དཔོན་འབངས་ལྔ་བརྒྱ་སྐོར་ཆིབས་བསྒྱུར་ཏེ་རིམ་བཞིན་ངོར་དགོན་དུ་ལམ་འབྲས་གསན་པའི་བསགས་སྦྱངས་དང་བསྟུན་དཔོན་གཡོག་བརྒྱ་སྐོར་ས་སྐྱར་ཕེབས་པར་ཆིབས་བསུ་ཐབ་བསུའི་སྣ་དྲངས་ས་སྐྱ་ཚོགས་སུ་གུར་ཆེན་བསམ་གྲུབ་ཕོ་བྲང་ནང་ཁྲི་དང་གདན་ཐོབ་སོ་སོར་བཞུགས་འཕྲལ་མཛོད་པ་སྐུ་མདུན་དུ་བཅར་བའི་གསོལ་ཇ་འབྲས་སིལ་ཟུར་གསོས་འབུལ་བ་དང་ཆབས་ཅིག་གང་ཅིའི་བཀའ་མཆིད་འོས་འཚམས་ངོས་འཕེལ་རྒྱས་བཞུགས་ཚེར་དུ་སྤྱན་དྲངས། དེའི་བྱོན་ཕྱག་དཔོན་འབངས་ཚང་མར་ཚོམས་ཆེན་དུ་གསོལ་སྟོན་ཟབ་རྒྱས་ཐོག་བསྩལ། རིམ་བཞིིན་ཆོས་དུང་གསུང་བསྐུལ་གྱི་མང་ཇའི་ཐོག་ཚོགས་ཕེབས་ལ་ས་སྐྱོང་ཆེན་པོ་ཞབས་འབྲིང་པའི་འཁོར་བཅས་ནས་ཐོག་མར་ཡབ་རྗེ་ཆོས་རྒྱལ་དེ་ཉིད་ཀྱི་དགོངས་རྫོགས་གསུང་བསྔོ་རྟེན་དངོས་བཟང་རྣམ་གྲངས་བརྒྱ་དང་བཅུ་གསུམ། ཞབས་བརྟན་འབུལ་ཆེན་ས་སྐྱའི་རྗེ་བཙུན་གོང་མ་ལྔ་འི་སྐུ་གསེར་ཟངས་ལས་གྲུབ་པ་དང་། ས་སྐྱ་བཀའ་འབུམ་སྤར་ཕུད་པོད་བཅུ་དྲུག་གི་ཐོག་དྲངས། གསེར་དངུལ་ཇ་གོས་དར་དྲིལ་ཏིང་དཀར་ཆ་ལྤགས་རིགས་ཞོན་ཁལ་སོགས་ཁྱོན་རྣམ་གྲངས་ཆིག་སྟོང་སུམ་ཅུ་རྒལ་ཙམ་འབུལ་ཐོ་ཚིག་དོན་བཟང་པོས་ཉེ་བར་བརྒྱན་ཏེ་འབུལ་བར་མཛད་པར་འཕྲལ་ཡུན་གྱི་གསུང་བསྔོ་འཁོར་གསུམ་ཡོང་དག་