R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༧༩
[A:༦༧༩]གི་མཐུན་འགྱུར་འདུས་ཚོགས་ནས་མཛད་ཅིང་། འགྱེད་གྲྭ་རེར་བལ་ཊམ་གསུམ་རེ། ཡང་བཅོ་ལྔ་རེར་ཀོ་རྩི་བག་རེ། བཅུ་རེར་ཤན་གཞུང་བག་རེ་བཅས་དང་། མང་ཇ་བཅོ་ལྔ་གནང་བ་བཞིན་ས་སྐྱོང་གཤེགས་བཞུགས་ཆོས་སྲིད་ཀུན་ལ་དགེ་བའི་བསྟོད་ཚོགས་སྨོན་ལམ་སོགས་སྐུ་རིམ་འགྱུར་ཆེ་སྨིན་གྲུབ་ཚང་མས་མཛད། བཀའ་བློན་གཉིས་ནས་ཀྱང་མང་འགྱེད་ཞུས། བཞུགས་རིན་རྗེ་ཉིད་ནས་ཚེ་དབང་ལྷ་དགུ། བྱད་གྲོལ། འཁོར་ལོ་བདེ་མཆོག་ནག་པོ་པའི་དབང་རྡོ་རྗེ་ཕུར་པའི་སྟོད་ལས་སྨད་ལས་ཀྱི་དབང་། སྒོ་རུམ་ཡེ་ཤེས་མགོན་པོའི་དྲུང་གུར་ལྷ་བརྒྱད་རྗེས་གནང་སོགས་སྩོལ་བའི་བར་སྐབས་ཅི་རིས་སུ་གསོལ་སྟོན་ཐོག བཀའ་བློན་བསོད་ནམས་བཀྲ་ཤིས་ནས་འབུལ་བ་རྣམ་གྲངས་ལྔ་བཅུ་ཁ་ཡར། བཀའ་བློན་ཆོས་སྐྱོང་བློ་གྲོས་ཀྱི་ཞུ་ཡིག་བཅས་རྣམ་གྲངས་ང་ལྔ། བཀའ་བློན་ལྷ་བུ་ཚེ་རིང་གི་རྣམ་གྲངས་བཞི་བཅུ་དང། ཡང་བསྟན་པ་ཚེ་རིང་གི་དགོངས་རྫོགས་བསྔོ་རྟེན་གསེར་སྲང་གང་། རྟ་སོགས་རྣམ་གྲངས་བཅུ། བཀའ་བློན་བུ་རྒྱས་ནས་རྣམ་གྲངས་བཅུ་བདུན་སོགས་ཞབས་ཕྱི་རྣམས་ནས་ཀྱང་འབུལ་བ་རྒྱ་ཆེར་ཕུལ་ཞིང་གསོལ་སྟོན་སྐབས་ལེགས་བཤད་ཀྱི་སྐྱེས་གསུང་རབ་ཀྱི་སྒྲོས་གླེང་བ་སོགས་དམ་པ་ལ་འོས་པའི་མཛད་ཕྲིན་ཕྱག་བཞེས་སུ་སྟར། གཙུག་ལག་ཁང་དང་མགོན་ཁང་ཉེ་འགྱངས་རྣམས་སུ་སྣ་ལྔའི་སྟོང་