R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༨༡
[A:༦༨༡]གནང་ཐོབ་པས་མངའ་ཞབས་ཉེ་རིང་ནས་རྡོ་བསོག་གི་བཞི་ཐོག་ཕྱི་མདུན་སྡེ་ཡངས་སུ་རྡོ་ཕུང་བློས་མི་འཁྱུད་པ་ཙམ་སྤུངས་ནས། འགོ་བཟོ་འུལ་ལག་གྲངས་མང་འགྲིག་པའི་གསོས་དབྱར་ཟླ་ཁོངས་སུ་མཁར་ལས་འགྲུབ་རེ་བཀའ་དྲིན་བསྐྱངས་ཏེ་བཞུགས་ཐབས་ལྷོར་སྤོས་ནས་ཚང་མའི་ལས་ཀ་མང་ཇ་བསྐོར་ཤལ་སོགས་ཧུར་བསྐྱེད་ཀྱི་བརྩོན་བསྐྱེད་བགྱིས་པས་སྟོན་མཇུག་ཧ་ལམ་ཚར་སོང་ཡང་བཀོད་པས་མ་ཐོན་ཞིང་ཧ་ཅང་མགྱོགས་སྐྱོན་གྱི། ངེང་རང་ནི་བློ་འགྲོ་རང་བསམ་པ་ཞིག་མ་བྱུང་། ལོ་འདིའི་སྟོན་ནས་བཟུང་ངོས་མཆེད་ཁྲི་འདོན་བཀའ་དྲིན་བསྐྱངས་སྐོར་རྣམས་ཡིན་ཀྱང་འོག་ཏུ་སོ་སོའི་ལོ་རྒྱུས་འབྲི་སྐབས་གསལ་ལོ། ། གང་ལྟར་གོང་གི་འཕྲོས་མཁར་ལས་དེས་ངེད་རང་ལ་འདུག་ནང་ཞིག་དང་། ཨ་ལྕེ་སྤུན་གྱི་གཟིམ་ཆུང་ཐབ་ཀ་ཁ་ཤས་ཤག་མིག་ཐོར་རེ་བ་རྣམས་ཡིན་པས་ངོས་སྤུན་ཚོའི་འདུག་གནས་ལ་གྱང་ལྡེབས་དང་ཤིང་སྒྲིགས་སོགས་ལ་ཚོན་དང་མཐིལ་ཞལ་སོགས་གྲུབ་བསྟུན་ཐོག་ཁར་རྗེ་ཉིད་ནས། གུར་ལྕམ་དྲལ་དང་ཞལ་གྱི་ཐུག་འཛུགས་གསུང་ཆོག གནས་སློབ་ནས་གདུགས་དཀར་རྒྱལ་མཚན་འཛུགས་ཆོག་བཅས་མཛད། ནང་དུ་ཉེ་མཁོའི་ཡོ་བྱད་ལམ་ཙམ་འགྲིག་འཕྲལ་ཕྱག་ནས་བཀའ་དྲིནབསྐྱང་སྟེ་སློབ་གཉེར་ཁྱད་ངེད་གཅིག་བུ་གཡོག་གཅིག་དང་། ཨ་ལྕེ་དཔོོན་གཡོག་གང་