[A:༦༧]སྦྱོར་བ་མཛད། སྙིང་རྗེ་བཟང་པོས་ཀྱང་རྗེ་འདི་ལ་འཇམ་པའི་དབྱངས་དངོས་ཀྱི་ཐུགས་དད་མཛད་ཅིང། འདིས་རྣམ་པར་ཐར་པའང་རྩོམ་པར་མཛད་དོ། །
ལོ་དེའི་དགུན་ཨེ་ཝཾ་ནས་རྗེ་བྲང་ཏི་པ་ཐུབ་བསྟན་དུ་སྤྱན་དྲངས། རྗེ་ཉིད་དཔོན་སློབ་རྣམས་ཀྱང་དེར་ཕེབས་ཏེ་པཎ་ཆེན་བྲང་ཏི་པས་མཁན་པོ། རྗེ་བྱམས་པ་རབ་བརྟན་གྱི་ལས་སློབ། མཁན་ཆེན་ཆོས་འོད་ཟེར་གྱི་གསང་སྟོན། ཆོས་རྗེ་བསོད་ནམས་ཆོས་འཕེལ་གྱི་གྲིབ་ཚོད། མཁས་གྲུབ་སྙིང་རྗེ་བཟང་པོས་ཞུ་བ། རྗེ་བསོད་ནམས་དོན་གྲུབ་ཀྱི་ཁ་བསྐོངས་མཛད་དེ་དགུང་ལོ་ཉེར་གསུམ་པ་ལ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་གསན་ནས་ཡོངས་འཛིན་རྣམས་ལ་འབུལ་བ། ལས་གྲལ་བ་གཞན་ལ་གནང་སྦྱིན། དགེ་འདུན་ཚོགས་ཆེན་ལ་མང་ཇའི་དགའ་སྟོན་མཛད་དེ་ཆོས་འོད་ཟེར་གྱི་དྲུང་དུ་གུར་ལྷ་བརྒྱད་ཀྱི་རྗེས་གནང་གསན་ནས་རྩེ་གདོང་དུ་ཕེབས། སླར་ཡང་མཁན་ཆེན་བྲང་ཏི་པ་ལས་སོ་ཐར་མདོ། མེ་ཏོག་ཕྲེང་བརྒྱུད། མདོ་རྩ། ཀརྨ་ཤ་ཏ། གསུམ་བརྒྱ་པ། འོད་ལྡན། བུ་སྟོན་ལས་ཆོག་རྣམས་གསན་ཏེ་འདུལ་བ་འཛིན་པ་ཀུན་གྱི་གཙུག་གི་ནོར་བུར་གྱུར།
དེ་ནས་ཤིང་ཕོ་རྟ་ལོ་ན་ལེནྡྲར་ཤེའུ་ལོ་ཙཱ་བ་གཤེར་པའི་