[A:༦༨༤]ཡང་བབས་བཟོས་ཡོང་གསུང་དབུགས་དབྱུང་ཕེབས་པའི་བཞི་ཐོག་དབང་ཁང་དུ་ཐེག་ཆེན་རིན་པོ་ཆེའི་བཞུགས་ཁྲིའི་སྟེང་ནས་གསུང་ངག་ཚོགས་བཤད་བཀའ་དྲིན་བསྐྱང་པར་སྐལ་ལྡན་གྱི་སློབ་མ་ངེད་རང་ནུ་བོ་ཨ་ལྕེ་སྤུན་སྲིང་མོ་གནས་སློབ་མཆོད་དཔོན་བསོད་འོད། དབང་ཕྱུག མཐུ་སྟོབས། བསམ་རིན། བསོད་ལྷུན། བརྩོན་རིན། དབང་བཀྲས། བསྟན་ཕུན། བསོད་ཕུན། དབང་དོན། ལུང་དབང་། ཀུན་དབང་། ཆོས་བཟང་། མདོ་པ་སོགས་ཁ་ཤས་ལ་སྩོལ་བར་སྣང་གསུམ་རྒྱབ་ཆོས་སུ་བླ་མ་རྒྱ་བོད་གོང་མ་ལྔ། ཚོགས་ཉན། དཀར་བྲག ཞང་། བྲག་དཔལ་ཚུལ། བུདྡྷཱ་ཤྲཱི། ངོར་ཆེན། མུས་ཆེན། ཀུན་མཁྱེན་རྣམས་ཀྱི་རྟམ་ཐར། གསུང་ངག་ཁོག་ཕུབ། ལེགས་བཤད་འདུས་པའི་རྒྱ་མཚོ་རྣམས་དང་ས་སྐྱ་བཀའ་འབུམ་འཕྲོས་ནས་གང་འགྲོ་སེམས་བསྐྱེད་ཆེན་མོ། སློབ་མ་རྗེས་འཛིན། ཞལ་གསོའི་ལྗགས་བསྙེན་རྣམས་སྣྲོན་ཟླའི་ཚེས་དགུའི་བར་དུ་འདྲིལ་བས་གཞན་ཚོའི་སེམས་ལའང་བཅོས་མིན་དད་པ་སྐྱེས་ཡོད་དམ་ངེད་རང་གི་སེམས་ལ་ནི་སྔར་དང་ཡེ་མི་འདྲ་བའི་དད་ཤུགས་ཞིག་སྐྱེས་ཚེས་དེའི་ཉིན་བསམ་བརླིང་ལྷ་མོ་མཆོད་ལ་ངེད་དང་ཨ་ལྕེ་མཆེད་ཀྱི་ཕྱིན་རྗེ་ཉིད་སྐུ་མཚམས་ཚུགས་པར་མཛད་རྒྱུའི་ཞབས་ཕྱི་བསོད་འོད་འབྲུམ་པའི་སྐྱ་ནད་ཀྱིས་ན་བཞིན་དུ་སྙིང་རུས་ཀྱི་ཞབས་ཕྱི་དང་བསགས་