R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༨༥
[A:༦༨༥]སྦྱངས་རིམ་པ་རྣམས་བགྱིས་ཀྱང་ཇེ་ལོད་དུ་སོང་བས་མི་སྡོད་ཀ་མེད་དང་། གཞན་ཡང་ཆོས་གྲྭ་རྣམ་གཉིས་དྲུང་འཁོར་སེར་སྐྱ་སྡེ་ཞོལ་སོགས་ལའང་མཆེད་ཆེར་སོང་བས་སྐུ་མཚམས་གྲོལ་ནས་རྒྱུ་དབང་སོགས་འཕྲོ་རྣམས་མ་མཛད་པར་གསུང་བསྐང་ འཕྲིན་བཆོལ་ངོས་མི་ངོ་ཚོར་འཇམ་ནག་ཁྱུང་ཁྲ་ནག་རྟ་མགྲིན་སྐྱེར་སྒང་རྣམ་འཇོམས་སྨེ་རྩེགས་དུད་ལྗང་སོགས་ཀྱི་རྗེས་གནང་བརྒྱ་བཞི་མ་མདོས་སོགས་གླུད་རྫོང་དང་། ལྗགས་ཆུ་སྲུང་བ། རིམ་འགྲོའི་ཞལ་བཀོད། རྩེ་སྐྱོང་གི་རྗེས་འཛིན་སྩལ་ཡང་། འཇམ་མགོན་ས་པཎ་གྱིས། སེམས་ཅན་ལས་ངན་སྤྱོད་པ་ལ། སངས་རྒྱས་ཀྱིས་ཀྱང་ཅི་བྱར་ཡོད། །ཅེས་གསུངས་པར་ལྟར། ངོ་གཡོག་ཕལ་ཆེར་ལ་སྟར་ཆགས་སུ་མཆེད་པའི་མི་གོད་བློས་མི་འཁྱུད་ཁར། གཞུང་ཞབས་རིན་པོ་ཆེའི་བཀའ་བཀོད་ལྟར་མདའ་དཔོན་པད་ལྕང་ལྷ་སློང་སྐུ་ཚབ་སོགས་ཀྱི་ཆོས་སྡེ་ཕན་ཚུན། མི་སྡེ་ཉེ་འགྱངས་སོགས་འཕྲད་མི་ཆོག་པའི་དོ་དམ་དོས་དྲག་གི་གང་ཡང་བྱེད་མི་བདེ་བའི་ཐུགས་བསུན་ཉག་སྐྱང་། ངོར་ཨ་ལྕེ་སྤུན། ནུ་བོ་ངེད་རང་རྗེ་དེ་ཉིད། སྲིང་མོ་གཉིས་བཅས་ལ་གྲལ་རིམ་བཞིན་བྱུང་དུས་རྗེ་དེ་ཉིད་ནུ་བོ་ཨ་ལྕེ་བགྲེས་པ་སྲིང་མོ་གཞོན་པ་རྣམས་ལ་བབས་ཡངས་ཤིང་གསོ་སླ་བ་དང་ཨ་ལྕེ་སྲིང་མོ་རྒན་པ་རྣམས་འཆི་ཁ་མའི་གྲས་ཡིན་ཀྱང་སྲིང་མོ་དེ་མ་གཏོགས་འཆི་བདག་གི་ཁ་ནས་