R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༨༦
[A:༦༨༦]ཐར་ཞིང་། དེ་ལོ་ཕུར་སྒྲུབ་ཀྱང་དབུ་རྩེར་ཚུགས་པར་རྩ་འཆམ་ནང་དུ་མཛད། བྲུབ་འཆམ་ས་སྐྱ་ཚོགས་སུ་མཛད་ཆོག་བྱུང་ཤིང་ཕལ་ཆེར་གྱི་ནད་ཐག་ཀྱང་ཁྲུམས་ཟླའི་འགོར་ཆད་པས་དེའི་ཚེས་འགོར་གཏང་རག་སྒོ་རུམ་སྟེང་འོག་སོགས་ལ་མཛད་ནས་ཟླ་སྐྱེད་ཙམ་ལ་ཞལ་ངོ་འཁོར་རགས་བསྡུས་བཅས་ཁའུར་ཆབ་བདུགས་པ་བྱོན་ཆོག་དང་། དབྱུག་ཟླ་ནས་ལམ་འབྲས་སྩལ་ཕྲོ་རྒྱུ་དབང་ཨཥྚའི་བཟླས་ལུང་རྒྱུད་གསུམ་དང་རྗེས་འབྲེལ་པོད་སེར་དམར་རྩ་རྒྱུད་བརྟག་གཉིས་བསྐྱེད་རིམ་རྣམ་བཤད་དེ་ལ་རྩོད་སྤོང་ངོར་ཆེན་དང་ཀུན་མཁྱེན་གྱིས་མཛད་པ་བསྐྱེད་རིམ་རྣམ་བཤད་ཀུན་མཁྱེན་གྱིས་མཛད་པ་ཨ་མེས་ཞབས་ཀྱི་མཛད་པའི་བསྐྱེད་རིམ་དང་བདུད་རྩི་རིལ་བུའི་བཤད་པ་རྡོར་དྲིལ་བགྲང་ཕྲེང་དགང་བླུགས་བུམ་པ་རྣམས་ཀྱི་བཤད་པ་ཚོ་གཉིས་ཀྱཻ་རྡོར་མངོན་དཀྱིལ་རྣམས་དང་གཞན་ཡང་ཞར་ལ་རྡོ་རྗེ་ཕུར་པའི་མངོན་རྟོགས་རྒྱས་པ་ཆོས་རྗེ་བླ་མ། བསྡུས་པ་ལ་ལོ་དེའི་དཀྱིལ་ཆོག་ཨ་མེས་ཞབས་ཀྱིས་མཛད་པ་དང་། གུར་དྲག་འཕྲིན་གཞུང་རྒྱ་གར་བ། དབྱུང་གུ་མའི་རྒྱ་གཞུང་ཀླུ་སྒྲུབ་དང་བོད་གཞུང་ཨ་མེས་ཞབས་ཀྱིས་མཛད་སྐོར། གཏོར་མ་བརྒྱ་རྩ་སྔགས་འཆང་ཆེན་པོ། འོད་དཔག་མེད་ཀྱི་ཉལ་འཕོ་ཨ་མེས་ཞབས་ཀྱིས་མཛད་པ། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་ས་ལོ་སྐུ་དང་གསུང་ཐུགས་མ། གཏུམ་ཆེན་མ་