R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༨༧
[A:༦༨༧]བདུད་རྩི་ལྔ་མཆོད། ནག་པོ་མཆོད་རྟེན། ཆོས་ཉིད་མ། སྐང་གསར། ལྷ་མོ། ཞལ། པུ་ཏྲ། དཀར་བདུད་རྣམས་ཀྱི་སྒོས་བསྐང་རྒྱ་གར་བ་ས་ལོ་སོགས་ཀྱི་མཛད་པ། དམར་ཟོར་མ་དུར་ཁྲོད་བདག་པོ། པུ་ཏྲ། དཀར་བདུད། རྩེ་དམར་བསེ་ཁྲབ་རྣམས་ཀྱི་བསྐང་བ་དང་འཕྲིན་འཆོལ་ས་སྐྱའི་རྗེ་བཙུན་རྣམས་ཨ་མེས་ཞབས་དང་། གདུང་རབས་མྱུར་འབྱོན་བསྐང་ཕྲིན་སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པ། རྒྱལ་གསོལ་ལོག་འདྲེན་ཚར་གཅོད་རྗེ་འདིའི་གསུང་། བསྟོད་པ་སྲིན་སྔོན་གང་གསུམ་མ་སྐྱེས་ཧཱུྃ་ཡིག་རྔམས་འབར། རབ་འབར་སངས་རྒྱས་བསྟན་སྲུང་རྒྱས་བསྡུས་རྣམས་ཀྱི་སྡེ་ཚན། གདན་ས་འདི་རང་གི་གསུང་སྒྲིགས་བཞིན་སྤྱི་སྟབས་སྲིད་ཞི་དཔལ་འབྱོར་མ་སོགས་སྐང་བསྐོར། ཆོས་སྤྱོད་རབ་གསལ་ལྟ་མཐིལ་པར་མར་བཞུགས་དང་མ་བཞུགས་ཁ་ཤས་སོགས་དང་བསྟན་པ་གསོ་ཆོག་སྔགས་འཆང་མངྒའི་གསུང་སོགས་ལྗགས་ལུང་ཕོན་ཆེ་བ་གསུང་ངག་ཆ་ལག་ལམ་ཟབ་ཕྱི་ནང་། བིར་སྲུང་ཕྱི་ནང་། བླ་མ་རིན་འབྱུང་། ཚར་གསུམ་ཁུག་པ་རྣམས་ཀྱི་བྱིན་རླབས་བཅས་ཟླ་གསུམ་ཙམ་གྱིས་རིང་ཆོས་ཆར་རྒྱ་ཆེན་འབེབས་པར་མཛད་པའི་རྒྱུ་ལམ་དབང་གི་བཀའ་སྒྲུབ་ཞབས་ཕྱིར་ཁོ་བོས་ཀྱང་བློར་ཡོད་རྣམས་མཉམ་འདོན་ཞུ་བར་སྩལ་བས། སྐལ་པ་མཆོག་ཏུ་བཟང་བར་གྱུར་ཏོ། །