R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༨༩
[A:༦༨༩]ཉིན་ཞག་ཕྲུག་རེའི་ཉམས་བཞེས་ནི་ལྡང་བའི་རྣལ་འབྱོར་གྱི་བཞེངས་ཏེ། ཚེ་དཔག་ལྷ་དགུ། བླ་མ་བཞི་ཁྲོ། གྲུབ་རྒྱལ་ལུགས་གུར་མགོན་དཀར་པོ་རྣམས་ཀྱི་ཚེ་སྒྲུབ་མཛད་ཀྱང་ལྗགས་བཟླས་ཀྱི་གྲངས་མ་ངེས། གུར་བདུན་མར་ཚེ་སྔགས་ཕྲེང་འཁོར། སྲུང་སྔགས་རྣམས་ཉེར་གཅིག་སོགས། དཀར་ཆ་བཞི། དབྱུག་གུ་མར་འཆང་བུ། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག ལམ་དུས་རྒྱས་པར་སྐྱབས་འགྲོ་དང་སྲུང་སྔགས་ཉེར་ཅིག ཡིག་བརྒྱ་ལྔ་བཅུ་བསྐོར། རྩ་སྔགས་ཕྲེང་འཁོར། སྙིང་པོ། ཉེ་སྙིང་། ཡུམ་དང་འཁོར་སྔགས་རྣམས་ཀྱང་གྲངས་བཅད་རེ་ཡོད་འདྲ། ལམ་དུས་འབྲིང་པོ་ཡང་དེ་དང་ཆ་འདྲ། ལམ་ཟབ་ཕྱི་མ་དང་བིར་བསྲུང་ཕྱི་མར་ཨང་ཀུ་ལི་གྲངས་བཅད་སོགས་མཛད་དེ། གཟིམས་ཁྲི་ནས་བཞེངས་སྐབས་སྐུ་རགས་འཆིང་བ་སོོགས་ན་བཟའ་བཞེས་རིང་ཚེ་སྒྲུབ་གུར་བདུན་བརྒྱུད་འདེབས་དང་ཡབ་རྗེའི་སྐུ་བསྟོད། ས་སྐྱ་ནད་གྲོལ། གུ་རུའི་གསོལ་འདེབས་བོད་འབངས་བདེ་བའི་དཔལ་སྟེར། བཛྲགུ་རུ་ཕྲེང་འཁོར་ཙམ་གསུངས་པ་དེར་རང་ནས་ངེས་ཤིང་། གཞན་ཡང་ཡོད་དམ། དེ་ནས་མཇལ་ཕྱག། ཚོགས་དབུ་ཕྱག་དཔེ་ཐུགས་རྟོག ཆོས་འཆད། གསུང་བྱང་། ཐུགས་བརྟག ཞལ་བཀོད་སོགས་གནང་དགོས་ཡོད་ན་དེ་བཞིན་དང་། གུང་ཚིགས་གྲོལ་ནས་གསུང་བསྐང་སོགས་མཛད། རྒྱུན་པར་དེ་