R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༩༠
[A:༦༩༠]ནས་བདག་བསྐྱེད་ཕུར་ཆུང་གཏོར་བསྔོ་ཆེན་མོའི་སྟེང་བེག་ཙེ་རྡོ་རྗེ་རབ་བརྟན་མ་དམག་ཟོར་བྲན་བདུད་རྒྱལ་ཆེན་རྣམས་ལ་གཏོར་བསྔོ། ཡིག་བརྒྱ་ལྔ་བཅུ་ཙམ། མགོ་གནོན་ཉེར་གཅིག ཆོས་སྐྱོང་རྣམས་ཀྱིས་སྔགས་ལྔ་བཅུ་སོགས་གྲངས་མང་ཉུང་སྣ་ཚོགས་མཛད་ནས་བསྐྱང་བ་ཐུགས་དམ་མ། བརྒྱད་བཅུ་བཞི། ཉེར་གསུམ་ཉེར་དགུ་སོགས་ལ་གོང་གི་སྟེང་བསྐང་གསར་སོ་སོའི་དུས་གཏོར། གུང་ཚིགས་རྗེས་སཱཙྪའམ་ཟན་པར་ཅི་རིགས། གསོལ་ཟས་གང་གནང་ཡང་ལུས་ཀྱི་ལྷ་གདན་གསུམ་ཚང་བ་མཆོད་ཞེས་དང་། ཆོས་སྐྱོང་འགའ་རེའི་མཚན་གསུང་ཞིང་། སྤྱན་དམིགས་ཟེངས་མཛད་པ་ལན་ཅིག་མིན་པ་ཡང་ཡང་མཐོང་ཐོས་བྱུང་བས་འདི་ལ་དཔགས་ན་འདོད་ཡོན་ལམ་ཁྱེར་གྱི་དགོངས་པས་ཉེས་པ་དང་ལུང་མ་སྟན་གྱི་བག་མེད་དུ་འགྲོ་བའི་སྐབས་མི་སྲིད་དམ་སྙམ། ཉི་ཕྱེད་མན་ནས་སྲོད་ཕྱི་མོའི་བར་ཐུགས་དམ་གནང་བ་ཞིག་འདུག་པས། ལམ་ཟབ་བིར་བསྲུང་ནང་མ་འཇམ་ནག་སྨེ་བརྩེགས་དུད་ལྗང་རྡོ་རྗེ་ཁྲབ་རིང་། སེང་གདོང་སྔོན་མོ། རྟ་མགྲིན་སྐྱེར་སྒང་འབྱུང་འདུལ། དྲེགས་འདུལ། གུར་དྲག ཁྱུང་ནག ཕུར་པ་གོང་ཁུག་མ་རྣམས་ཀྱི་ལྗགས་བཟླས་གྲངས་མ་ངེས་ཤིང་། བསྲུང་འཁོར་བྲག་རྫོང་མར་ཡི་གེ་བདུན་མ་དང་བཅུ་གཉིས་མ་ཕྲེང་འཁོར། ཤཱ་ས་ན་དྲུག་ཅུ་སོགས་དང་བཅས་མདོར་ན་ཐུགས་དམ་འཁོར་