R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༩༢
[A:༦༩༢]འཇོམས། སྨེ་བརྩེགས་ལུགས་གཉིས་རྟ་མགྲིན་སྐྱེར་སྒང་། སེང་གདོང་སྔོན་མོ། འཇམ་ནག ཁྱུང་ཁྲ་ནག་རྣམ་རྒྱལ་སོགས་ཡི་དམ་དུ་མའི་རྗེས་གནང་དང་། གུར་ལྷ་བརྒྱད། ཁྲོ་བཅུ། ཞལ་བསྙེན་དུས། དུར་ཁྲོད་བདག་པོ། པུ་ཏྲའི་རྗེས་གནང་ལེ་ཚན་བྲན་བདུད་དཀར་བདུད་སོགས་བསྟན་སྲུང་རྗེས་གནང་དུ་མ། དུག་དབང་རྡོ་རྗེ་ཕ་ལམ། ཕྱག་རྡོར་གཏུམ་པོའི་དུག་དབྱུང་། བསྣུབ་ལུགས་བྱད་འགྲོལ། སེང་གེ་སྒྲའི་གདོན་འགྲོལ། མཁའ་འགྲོ་གྲིབ་སེལ་སོགས་རྐྱེན་སེལ་དུ་མ། ས་སྐྱ་བཀའ་འབུམ་སོགས་ལྗགས་ལུང་དུ་མ། གསུང་ངག་ཚར་གསུམ་སོགས་འཁྲིད་དུ་མ་ཏེ་སྨིན་གྲོལ་ལམ་བཟང་གི་དགའ་སྟོན་ཅི་ཡང་འགྱེད་པར་མཛད་པས། ཞལ་སློབ་གྱི་གཙོ་བོ་ཐར་རྩེ་རྡོ་རྗེ་འཆང་། གནས་གསར་རྡོ་རྗེ་འཆང་། བྲག་རྩ་རྡོ་རྗེ་འཆང་། ཐུབ་བསྟན་མཁན་ཆེན་ཚུལ་ཁྲིམས་མཚན་ཅན། ཞེ་དགོན་བུམ་འཛིན་རབ་བརྟན་བཟང་པོ། གོང་དཀར་མཁས་གྲུབ་བློ་གྲོས་དབང་ཕྱུག བླ་མ་མཆོད་དཔོན། ཆོས་གྲྭ་རྣམ་གཉིས་ཀྱི་མཁན་ཐོག་ཤས། ངོར་གྱི་དབོན་མཁས་གྲུབ་ཐོར་ཙམ། ཆོས་གྲྭ་ལྷོ་བྱང་དགེ་འདུན་ཁྱོད་ནས་ལུགས་གཉིས་ལ་ཕེར་ཡོངས་ཅན་རགས་རིམ་དང་ཁྱད་པར་སྐུ་ཐོག་དེ་ལ་བཀའ་རམ་སྒྲིགས་པ་སོགས་བློ་གསལ་ཡོན་ཏན་ཅན་མང་པོ་དང། བྱང་པ་རྣམས་ཀྱང་ཆོ་ག་ཕྱག་ལེན་གཞན་ལས་ངེས་པ་ལྷོ་