R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༩༣
[A:༦༩༣]བྱང་གཉིས་ཀ་གསུང་གྲ་བཟང་བ་སོགས་བླ་མའི་བྱིན་རླབས་གཞུགས་པ་འདྲ་མོ་དང་། གཞན་ཡང་རྩེ་གདོང་སྤྲུལ་པའི་སྐུ་སོགས་བུ་སློབ་ཕྱོགས་ཐ་དད་ན་བཞུགས་པ་དུ་མ་དང་། གྲུབ་མཐའ་རིས་མེད་མཁས་གྲུབ་ཁ་ཤས། མངའ་རིས་གཙང་ལྷོ་བྱང་མོན་འབྲོག་དབུས་དགས་ཀོང་ཁམས་སོགས་རིགས་རྒྱ་ནག་སོགས་ཀྱི་སྐུ་དྲག་དུ་མ་སོགས་གཙུག་ལག་ཟུང་ལྡན་རྣམས་ནས་བསྟན་འགྲོའི་དོན་གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པའི་སྒོ་ནས་འཕྲལ་ཡུན་ཕན་བདེ་སྤེལ་བ་རྒྱ་ཆེར་བསྐྲུན་པར་མཛད་དེ་རང་སྣང་ཀློང་དུ་ཕེབས་པས་གཞན་སྣང་ཟིལ་གྱིས་གནོན་པ་ཆོས་ཉིད་བཞིན་སྐྱེ་དགུ་དུ་མའི་གཙུག་ལ་ཞབས་རྡུལ་དམར་འོད་ཀྱི་ཁྱབ་པར་མཛད་པ་གོང་མ་བདག་པོ་ཆེན་པོ་གཡུང་ཊིང་རྒྱལ་པོས་བཀའ་གླེགས་རིན་པོ་ཆེ་སྲིད་ན་མངོན་པར་བཙན་པའི་ཕྱག་རྒྱ་དབང་མདངས་གཟི་འབར་གྱིས་སྤྲས་པའི་ནམ་མཁའ་མཛོད་སྒོ་ཕྱེ་བ་ལྟ་བུའི་གསོལ་རས་གྱ་ནོམ་ལན་གཉིས་ཙམ་ཕེབས་པར་ཞུ་ལན་བྱིན་རྟེན་དང་རྗེ་ཉིད་ཀྱི་སྐུ་སྐལ་དུ་གྱུར་པའི་དངོས་པོ་བཟང་དགུ་སྟོབས་པར་མཛད། གོང་མ་ཆེན་པོའི་སྐུ་ཚབ་ལྷ་སར་བཞུགས་མི་ཞིག་གིས་ཀྱང་མཛོད་པ་ལྷ་སར་འགྲོ་ཞོར་ཞིག་ལ་ས་སྐྱའི་གནས་ཚུལ་ཞིིབ་དྲིས་ཀྱི་རྗེ་འདི་ཉིད་ལ་མི་ཕྱེད་དད་པ་བརྟན་པོས་ཐལ་མོ་སྦྱོར་ཞིང་དེ་སྐབས་ཞབས་འབམ་གྱི་སྙུན་ཚུལ་གསན་པས་སྤྱན་ཆབ་