[A:༦༩༥]ལ་ཕེབས་སྐབས་ཞིག་བླ་མ་མཉམ་མེད་པའི་ཁྲུང་སིང་རྫ་སྣོད་དེ་མཇལ་བར་མཛད་པས་མཐིལ་ནང་ནས་བདུད་རྩི་རང་རྡོལ་གྱི་རྗེ་ཉིད་དང་ཞབས་ཕྱི་ཁ་ཤས་བཅས་ལ་ཁྱོར་བ་རེ་ཙམ་བཞེས་རྒྱུ་བྱུང་བ་དང་། རབ་འབྱམས་པ་དགེ་འདུན་དཔལ་བཟང་གི་ཀྱཻ་རྡོར་གཞི་བསྙེན་ཕྲེང་བར་བྱིན་རླབས་མཛད་པས་དྲི་བཟང་ཐུལ་བ་སོགས་བྱུང་ཞིང་། ཡང་སྡེ་དགེ་བླ་མ་བཀྲ་ཤིས་ཡར་འཕེལ་ནས་ལན་ཅིག་རྗེ་འདིར་འབྱུང་འདུལ་སྐུ་ཞིག་འབུལ་གྲབས་ཡོད་དུས་སྐུ་མདུན་དུ་མ་འབྱོར་ཙམ་ལ་རྗེ་འདིའི་དེའི་ཕྱག་རྒྱ་ཡང་ཡང་མཛད་ཞེས་ཐོས་ཤིང་།
ཤིང་སྟག་རྟ་ཟླའི་ནང་གཟིམས་ཤར་མགོན་ཁང་དུ་ཞལ་བསྐང་ཁྲི་ཚར་མཛད་དུས་མོན་ཕྲུག་མང་པོས་ཤིང་འབྲས་སྒོག་བཙོང་སོགས་ཕུལ་བའི་གཟིགས་སྣང་མ་ལགས་དེར་ཤར་བ་ལས་འཕྲོས་པ་ཡིན་ནམ། ཡང་ན་དེ་སྔོན་གང་ཡིན་ཀྱང་གོང་གི་དཔོན་སློབ་དེའི་ཕྲོས་ཞིག་ལ་གཟིམས་ཤར་མགོན་ཁང་དུ་རྗེ་འདི་ལ་ཡུམ་ཆེན་སྲིང་མོ་བཞི་འདྲ་བའི་འབྲས་མཆན་ཕུལ་བ་ཡིན་ཞེས་ལུང་བསྟན་ཕལ་ཆེར་གབ་ཚིག་ལྟ་བུར་སྩོལ་བར་མཛད་པ་བཞིན་བདག་གི་བླ་མ་འཇམ་མགོན་སངས་རྒྱས་ཡེ་ཤེས་དེ་ཉིད་ནས་གསུང་བརྟག་ཞུ་ལན་དུ་རོང་དང་སྟག་གཟིག་སོགས་ལ་གྲས་པའི་གབ་ཚིག་མཐར་སྐུ་རིམ་རྣམས་ཕེབས་པ་བཞིན་འགྱངས་མིན་ནས་རྐྱེན་འགའ་ཞིག་