R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༩༦
[A:༦༩༦]གི་མགུལ་པར་སྐྲང་ཆེན་ཞིག་བྱུང་དུས་སྐུ་རིམ་རྣམ་གྲངས་དུ་མ་མཛད་ཀྱང་སྐྱེད་མ་བྱུང་བར་རྗེ་འདིའི་གསུང་བརྟག་དེ་ལ་ཐུགས་རྟོག་གནང་བས་དེ་ནང་ནས་འཇིགས་བྱེད་དྲུག་ཅུ་འཕེན་དགོས་དེ་ལས་འདུག་པས་འཕྲལ་ཚུགས་ཀྱི་ཕངས་པ་ན་གཏོར་མ་ཕྱིར་འགྲོ་བ་དང་མགུལ་སྐྲང་གློ་བུར་དུ་རྡོལ་ཞེས་ངོར་ཆེན་དེ་ཉིད་ཀྱིས་གསུང་ལས་ཐོས་ཤིང་། དབུས་གཙང་ཟིང་བུན་དུས་རྒྱལ་རྩེ་མེས་སྲོང་ནས་ཡས་མས་སུ་ཕྱོགས་པ་འམ་གང་དུའང་མ་ཐེ་བ་ལེགས་མིན་གསུང་བརྟག་ཞུས་པར་དབུས་ཕྱོགས་བགྱིས་ན་རྩ་བ་ནས་སྟོང་། གང་ཡང་མ་བྱས་ན་ཕ་གཞིས་དང་བྲལ། གཙང་ཕྱོགས་བྱས་ན་བྱུས་ལེགས་བཞིན་རིམ་གྲོ་བཅས་བསྩལ་བས་མངོན་དུ་གྱུར་ཞེས་ཁོང་སྡེ་པ་ཚོ་གསུང། འབྲོག་སྐར་མགོན་ན་མུར་འཚོ་མིན་ཞུས་པར་ཉི་མ་ལ་རྩར་སླེབས་པས་བཅོས་མེད་འོན་ཀྱང་རིམ་འགྲོ་ཕྲན་ཙམ་ཕེབས་པ་བཞིིན་འགྱངས་མིན་ནས་དུས་ཆོས་སུ་གྱུར། ལུ་སྤེ་ཀུན་དཔལ་ཐར་རྩེར་འཇིགས་བྱེད་ཆོས་བཀའ་ཞུ་བར་འགྲོ་དུས་ས་གཙང་མིན་གྱི་ཐེ་ཚོམ་ལ་སང་རང་ཐོན་པ་རྒྱུག་གནང་བས། ཐར་རྩེ་རྗེ་སང་སྐུ་མཚམས་གནང་བཞེད་ཀྱི་དོ་ནུབ་འབྱོར་བས་སྐུ་མཚམས་འགྱང་ཐོག་ནས་འདོད་ཆོས་ཐོབ་པའི་ཡར་འབྱོར། འདི་ཁའི་འབུལ་སྡུད་འཕང་ཡེ་བླ་མ་བསྟན་པའི་སྐྱེ་བ་གདན་སའི་ཤར་གྱི་སྡེ་ཁྲོད་ཡོང་ཕེབས་པ་བཞིན་ཚོང་དཔོན་གཞུང་མགྲོན་གྱི་བུ་