R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༩༧
[A:༦༩༧]བན་ཚང་པ་བསྟན་པ་དེ་བྱིས་པའི་སྐབས་ཤིན་ཏུ་གསལ་བ་སོགས་མང་དུ་ཡོད་འདྲ། ཡང་མི་མིན་གྱི་ཕྲིན་ལས་སྒྲུབ་ཚུལ་ནི། སྐྱེད་ལྷས་སུ་བཅད་རྒྱའི་སྐབས་ཤིག་གང་ནས་འོང་མེད་པའི་བནྡེ་སྨུག་རིང་ཞིག་གི་ཐུབ་དབང་འདུད་འདུལ་མའི་སྐུ་སེང་ཁྲི་རྡོ་སྙིང་འདྲ་ཞིང་སྐུ་དངོས་དོ་ལོ་གཡང་ཀྲི་འདྲ་བར་སྐུ་དང་བཞུགས་ཁྲི་རང་གྲུབ་མ་ཞིག་གཟིམ་དཔོན་རྡོ་རོང་པ་བརྒྱུད་ཕུལ་བར་ག་ནས་ཡིན་དང་གར་འགྲོ་དྲིས་ལ་བདག་རྒྱན་གྱིས་གསུང་པ་བཞིན་དེ་འཕྲལ་རྩད་པས། སུ་ལའང་མཐོང་ཐོས་མེད་པ་ཡལ་བ་ལྟར་གྱུར། འདི་ནི་སྔོན་འཇམ་དབྱངས་བསོད་ནམས་དབང་པོས་བསམ་ཡས་སུ་ཞལ་འབག་སྨུག་ཆུང་ཉམས་གསོ་མཛད་དུས་བནྡེ་ཞིག་གིས་རྒྱ་ཚལ་དང་བ་སོའི་མི་མགོ་རློན་གཟུགས་བཅུ་དགུ་ཕུལ་ནས་གར་སོང་མེད་པ་དང་འདྲ་ཞིང་ཐུབ་སྐུ་ཁྱད་ཅན་དེ་ཉིད་ཞལ་བྱང་འབྱར་བ་དེང་སང་ཁོ་བོས་སྤྱིལ་བུ་འཛམ་གླིང་ཕུན་ཚོགས་དཔལ་འབར་གྱི་རྟེན་གྲས་ལ་བཞུགས། གཞན་གོང་དུ་བཤད་པ་ལྟར་བསེ་མགོན་ཆེན་པོའི་ཐུགས་རྟེན་གནམ་ལྕགས་རྡོ་རྗེའི་མཚོན་སྐུ་གསུང་ཐུགས་རྟེན་བྱིན་ཅན་ཁྱད་མཚར་མང་པོ་དང་། རྒྱ་སྦུག་ལོག་འདྲེན་ཚར་གཅོད་སོགས་རོལ་ཆ་སྤུས་ལེགས་དུ་མ་སོགས་རྟེན་དང་མཆོད་ཆའང་བླ་མ་གོང་མ་རྣམས་དང་མཚུངས་པར་ཕྱག་འབྱོར་བྱུང་བ་སོགས་རྣམ་དཀར་ཕྲིན་ལས་བསམ་གྱིས་མི་ཁྱབ་