[A:༦༩༨]པོ། །
དེ་ནས་དགུང་གྲངས་སོ་བདུན་པ་ལྕགས་བྱ་རྟ་ཟླའི་ནང་སྒོ་རུམ་ཡེ་ཤེས་མགོན་པོའི་དྲུང་དགུང་ཀེག་རྐྱེན་སེལ་སྐུ་ཚེ་སྒྲུབ་པའི་བཅད་རྒྱར་དད་ལྡན་རྣམས་ཀྱི་གསོལ་བཏབ་བཞིན་ཕེབས་དུས་མ་ལགས་དེ་ནས་ཞབས་པད་བརྟན་དགོས་པའི་རྒྱུ་མཚན་ཞུ་བར་མཛད་ཅིང་སྐུ་མཚམས་དུས་གཟིམས་འོད་དང་འགག་པ་དཔལ་དར་ནས་ཀྱང་གསོལ་བ་བཏབ་པར་སྔར་གྱི་ས་གཙང་མིན་དེས་ཐུགས་སྦྱོང་བྱུང་བ་སོགས་སྙིགས་དུས་རྒྱུ་མཚན་དུ་མར་ཐུགས་སྐྱོ་ཁོ་ནའི་གསུང་འབྱོན་མུར་སླར་ཡང་ལམ་སྡེམ་སྐུ་ཚབ་སླེབས་པ་གཞན་གྱིས་ཞུ་མ་ནུས་ཀྱང་སྐུ་གཉེར་རྟོགས་ལྡན་དུ་གྲགས་པའི་རྟོག་མེད་རང་བཞིིན་གྱི་འཕྲོས་སུ་ཞུས་པས་ཐུགས་ལྷག་པར་ཡང་སྐྱོ་བཞེས་ཀྱིས་དེ་འཕྲལ་ཚེ་སྒྲུབ་སྡུད་པར་མཛད་ནས་ཕོ་བྲང་དུ་བྱོན་སྐབས་སྤྱན་ལྟས་བཟང་མིན་སོགས་ཕྲོས་ཞུ་བ་རྣམས་ལ་ལྟས་ཀྱང་བཟང་དུ་རང་མ་བྱུང་ཤིང་བཟླས་པ་འགྲོ་ཆུང་བསེ་མགོན་བཞུགས་ཁྱིམ་དུ་བས་གྲིབ་པ་ལྟ་བུས་མི་མཐོང་ཞིང་། ཡབ་རྗེ་དེ་ཉིད་ཡང་ཡང་དམིགས་ལྟས་སུ་ཕེབས་པས་ཤིན་ཏུ་དྲན་པ་ཞིག་བྱུང་། གདུང་སྤུན་ལ་གསུང་ངག་སློབ་བཤད་འདི་འཕྲལ་དུ་ཕྲོད་རེ་བྱེད་གསུངས།
དེ་ནས་ཐུགས་བྲེལ་གཞན་གྱི་མུར་དཔྱིད་ཟླ་ཞིག་ལ་ཁའུ་ཆབ་