R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༩༩
[A:༦༩༩]ལ་ཕེབས་པའི་ཞག་བཞིའི་ནུབ་གུར་འདི་རྨུགས་པ་འདྲ་བ་ཞིག་གིས་གང་བྱུང་ལྟད་མོ་ཡང་ཆེ་ཙམ་བྱུང་ཕེབས་པ་ཞིག་ཀྱང་བྱུང་འདུག་པས་ཚུལ་འདི་མུས་ཆེན་སེམས་དཔའ་ཆེན་པོ་དང་སྔགས་འཆང་ཆེན་པོ་སོགས་ཞིང་རྗེ་ཉེའི་གསུང་དང་ཁྱད་མ་མཆིས། ལྷ་ཆེན་བྱང་ཤར་ལྕགས་རིའི་སྤང་བད་ཉམས་གསོ་གནང་། ནག་ཟླའི་མཇུག་ཙམ་ལ་གཟིམས་ཤར་མགོན་ཁང་དུ་པུ་ཏྲའི་མདོས་ཟོར་སྒྲུབ་གནང་གི་རོལ་མོ་ཁོ་བོས་ཞབས་ཕྱི་ཞུས་ཤིང་ཕྱིར་འཕེན་གྱི་ཞབས་རྗེས་སུའང་ཡོད། ས་ཀར་རིལ་སྒྲུབ་ལ་ཕེབས་དུས་ཤོག་གནང་ཡང་གསང་འདུས་སྒྲུབ་མཆོད་ལ་ཐོག་མར་འགྲོ་བ་དང་ཐུག་པས་དགོངས་པ་ཞུས། རིལ་སྒྲུབ་མཛད་སྐབས་ཕལ་ཆེར་དུ་འདི་ལོའི་རིལ་བུ་གཡེར་དུ་ཐོན་ཞིག་བྱེད་ཡག་པོ་འདུག་གམ་ཞེས་སྐུ་འཁྲིགས་པ་རྣམས་ལ་གསུང་པར་གཟིམ་འོད་ནས་འཕེལ་སྟོབས་ཆེ་བས་ཀ་པཱ་ལ་རྣམས་ནས་ལུད་ཅིང་མདོག་ཤིན་ཏུ་བཟང་བར་གདའ་ཞུས། དེ་སྐབས་ཙམ་ལ་རྟག་ཚེར་གངས་མོག་པོར་སོང་བ་དང་། མུས་གླིང་ཁའི་རུ་ཁང་ཆུ་མིག་ལུད་པ། ཁྱད་འཕགས་ལྷོའི་མགོན་ཁང་ཐུག་པོ་ཆག་པ། ཝ་རྒྱལ་དང་འུག་པའི་སྐད་ངན་འདོན་པ། ལྕགས་སྤྲེའི་དགུན་རིག་འཛིིན་ཕོ་བྲང་རབ་གསལ་སྟེང་བྱ་རོག་ཚང་བསགས་པ། མཆོད་ཤིང་ཁ་ཤས་སྒོ་རལ་བ། མ་ལགས་དེ་ཉིད་ཀྱི་མནལ་ལྟས་སུ་ཉི་མ་ཕྱེད་ཡོལ་ལ་ནུབ་པ། ཐོད་མཛེས་