R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༠༠
[A:༧༠༠]དཀྱིལ་སྟོར་བ། སྤྱན་ལོང་བ་སོགས་བྱུང་ཞིང་ནང་སོའི་གཏོར་མར་བྱི་སྐྱོན་ཆེ་ཞིང་བླ་མཚོ་མདོག་མོག་པོར་བྱུང་བ། གློ་བུར་ཐར་རྩེ་ནས་གསུང་ཤོག་ཆེད་མངགས་འདི་ལོ་སྐྱབས་མགོན་མཆོག་ལ་ཕེབས་འགྲུལ་ཞིག་ཕྲལ་དུ་ཡོང་ཉེ་འདུག་པས་སྐུ་རིམ་གནང་དགོས་གསུང་པར་དངོས་སུ་འགྲུལ་མི་འོང་གཞན་གང་ཤེས་གནང་བས་མ་ལགས་དང་ཕྱག་གཉེར་གཟིམས་འོད་སོགས་ཀྱི་དོ་དམ་གྱི་ཚེ་ཆོག་རྣམ་རྒྱལ་བསྐང་ཕྲིན་གསུང་སྒྲོགས་མང་ཇ་སྒྲོལ་འདོན་སེང་གེ་སྒྲའི་ཆོ་ག་བརྒྱ་བཞི་སོགས་འདིར་སྒྲུབ་འོས་དང་མུས་ནང་གཞི་དགོན་ངོར་བྱ་གླིང་བསམ་ཡས་རབ་གྲ་སོག་ལའང་སྐུ་རིམ་འཕྲལ་ཐོན་གྱིི་ཞབས་བརྟན་འབད་སྒྲུབ་རིང་ནས་སྣྲོན་ཟླའི་ལྷ་མོ་མཆོད་རན་པས་མ་ཕེབས་ན་ལེགས་ཚུལ་མ་ལགས་ནས་ཞུ་བར་མཛད་པར་འདི་ལོ་ཅིས་ཀྱང་འགྲོ་སླར་མི་ཤེས་ཞེས་ཕེབས་ཤིང་། ལྷ་མཆོད་ལ་ཕེབས་པས་རྩ་སྐེད་ཀྱི་ཐད་ཙམ་དུ་རྒྱུ་མཚན་མེད་པར་ཐུགས་ལ་སྐྱོ་ཤས་དྲག་པོ་བྱུང་ཞེས་གསུང་ལས་དངོས་སུ་ཐོས། དེའི་སང་ཚོམས་ཆེན་དུ་ས་བཅུད་བུམ་གཏེར་ཕོན་ཆེན་སྒྲུབ་གནང་ཐོག་སེར་མ་ཐོར་བུའི་རྣམ་པ་འདྲ་བའི་སྐུ་ལ་འདར་བུན་སོགས་གསུང་ཆོག་མཛད་མ་ཐུབ་པས་ཡར་ཕེབས་འཕྲོས་རྣམས་མཆོད་དཔོན་པས་སྡུས། དེ་ནས་རིམ་བཞིན་གསོལ་སྨན་སྐུ་རིམ་གསོལ་ཟས་སོགས་གང་སར་སྨན་པའི་ངག་བཞིན་འགྱོད་མེད་དང་