[A:༧༠༡]མཁའ་འགྲོ་བསུ་བཟློག་བཅས་ཚང་མས་སྒྲིམ་ཁུལ་ཡིན་ཀྱང་འདི་ཡིན་མེད་པའི་སྙུན་གཞི་སྐུ་ཤེད་ཆག་སྟོབས་ཆེ་ཞིང་གསོལ་དང་ཇེ་ཞན་ལ་འགྲོ་བ་ལས་སྙུན་ཟུག་སོགས་གང་ཡང་མ་བྱུང་བས་རིམ་གྱིས་དངས་བཞེས་ཡོང་རེ་དང་རྗེ་ཉིད་ནས་ཀྱང་གསུང་ངག་སློབ་བཤད་གནང་ཤག་གི་མུར་བྲག་རྩ་རྡོ་རྗེ་འཆང་དང་ཐུབ་བསྟན་མཁན་ཆེན་ཚུལ་ཁྲིམས་བཟང་པོ་བྱོན་པས་བྲག་རྩ་རྗེར་མཇལ་ཁ་དང་། ཐུབ་བསྟན་མཁན་ཆེན་ལ་སྔར་ནས་རྐྱེན་སེལ་བཞེས་མུ་ཡིན་པས་དེ་སྐབས་ཀྱང་ཚེ་དབང་གུར་དྲག་དབང་གུར་ཁྲོ་བཅུའི་རྗེས་གནང་སོགས་གསན་པར། གཟིམ་ཆུང་ནས་འདོ་ལེར་གདན་འདྲེན་ཞུས་པ་ཐུབ་བསྟན་མཁན་ཆེན་དེས་གཟིགས་པས་ཨ་ཁ་གསུང་ཞི་ང་སྤྱན་ཆབ་མཛད་དེ་དུས་གསུང་འཕྲོས་རང་བཞིན་སྐབས་ངེད་ནས་ཆོས་རྣམས་མ་འཕྲོད་པ་བྱུང་ན་ཐར་རྩེ་དང་། བྲག་རྩ་བ་སོགས་ལ་ཞུས་ཤིག་གསུང་། འོ་ན་དེ་དུས་གནས་གསར་རྗེ་སོགས་མི་གསུང་བ་ཅི་ཡིན་སྙམ་ན། ཐར་རྩེ་དང་བྲག་རྩ་རྗེས་ཐོ་མར་རྗེས་སུ་བཟུང་ནས་བླ་མ་དེ་གཉིས་ཀྱི་གཞན་སྟོན་པར་མཛད་དགོས་ཀྱི་རྟེན་འབྲེལ་ཞིག་ཡོད་པར་སེམས། གང་ལྟར་ཚེས་དགུར་སྙུན་ཚུལ་བཞེས་ནས་བཅུ་གསུམ་བར་དངས་ལོད་རེས་འཇོག་དང་དེ་ནས་ཇེ་ཞན་དུ་ཕེབས་པས་གཞུང་སྒེར་ནས་ཞབས་བརྟན་སྐུ་རིམ་བཏུད་མར་སྒྲུབ་བཅུ་དགུ་ནས་