R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༠༢
[A:༧༠༢]ཐུགས་དམ་ཉམས་བཞེས་རྣམས་སྔར་ལས་ཡུན་རིང་བར་མཛད། མགུལ་གློ་དང་མནལ་ཡེར་བ་སོགས་བྱུང་བས་ཞལ་དཀར་བ་དང་གཟིམ་ཆུང་པའི་ཨེམ་ཇི་གཉིས་ནས་གློ་གཅོག་མནལ་འགུགས་ཀྱི་གཏོ་དང་། ཁོ་བོར་སྔགས་འབུལ་དགོས་བཀའ་ཕེབས་ཀྱི་ལན་ངག་སྡུས་སུ་ད་ནས་འབྱུང་བའི་སྔགས་དང་གཏོ་སོགས་སོ་སོ་སྐྱེ་བོས་སངས་རྒྱས་ལ་དབུ་སྐོར་འབུལ་བ་ལྟར་གྱུར་ཀྱང་། བླ་མ་མཉེས་བྱེད་གང་ཡིན་བྱ་ཞེེས་པ་ལྟར་སེམས་དགེ་བ་ལ་ཉེས་མེད་ཙམ་བྱུང་ཨེ་ཡོད། གང་ནའང་ཉེར་བཞིའི་ཉིན་བཞུགས་གཡབ་ཏུ་བཞུགས་གདན་གྱི་ཞལ་ཕྱོགས་བཞིར་སྒྱུར་གསུང་ཞིང་སྤྱན་ནམ་མཁར་གཟིགས་པ་དང་། མ་ལགས། གཟིམ་འོད་འགག་པ་དཔལ་དར་རྣམས་འདས་དུས་སྤུན་དུ་གྱུར་ནས་རྗེ་ཉིད་དྲུང་སྨོན་ལམ་བཏབ་གྲས་ད་ལྟ་སྐུ་མདུན་འཛོམ་པ་བཞིན་མཐའ་མའི་གཟིམ་ཁྲིའི་ཞབས་འགྱུར་ཡང་ཁོང་ཚོས་བྱེད་དགོས་ཕེབས་པས། ཡང་སྐྱར་མ་ལགས་ནས་ཞབས་བརྟན་འབུལ་བར་མཛད་ཞོར་ངོས་སྤུན་རྣམས་ནས་ཀྱང་ཕྱག་འཚལ་གྱི་ཞབས་པད་ཡུན་བརྟན་གསོལ་བ་བཏབ་པར་འདུན་པ་གང་དྲག་བྱེད་གསུངས་པ་ལས་གཞན་ཅི་ཡང་མི་གསུང་། དེ་སྐབས་སྣྲོན་ཟླའི་མཆོད་འབུལ་ཉེར་ལྔར་མཛད་སྐབས་ཡིན་པས་ཉེར་ལྔའི་ཉིན་ཆོས་གྲྭ་ལྷོ་བྱང་ནས་དེ་མཛད། ངེད་ཀྱི་མགོན་དེའི་ཟླ་རེར་ཆག་མེད་གནང་བའི་གུར་དྲག་འཕྲིན་གཞུང་སྐུ་