R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༩
[A:༦༩]པ་སོགས་ཀྱིས་སྤྱན་དྲངས་པ་བཞིན་ཕེབས་ཏེ་དབང་རྗེས་གནང་མང་འགྱེད། གནང་སྦྱིན་སོགས་ཀྱིས་ཚིམ་པར་མཛད་ནས་གཙང་ཕྱོགས་ལ་ཆིབས་ཁ་བསྒྱུར་ཏེ། ཆོས་འཁོར་ལྷ་སར་ཇོ་ཞལ་རྣམ་གཉིས་ལ་མཆོད་འབུལ་གསེར་ཆབ། སྙན་དར། ཕྱག་དང་ཞབས་བསྐོར་བསྟན་འགྲོར་ཕན་པའི་ཐུགས་སྨོན་མཛད་པའི་ཚེ་མི་སྐྱོད་རྡོ་རྗེའི་ཐུགས་ཀར་ཕྱག་ནས་འབྱར་བ་ཀུན་གྱི་མཐུན་སྣང་དུ་གྲུབ། དེ་ནས་སྙེ་ཕུ་དང་འཇུན་སོགས་བརྒྱུད་གོང་དཀར་རྡོ་རྗེ་གདན་དུ་འདུས་ཚོགས་ཀྱི་སེར་ཕྲེང་སོགས་བསྙེན་བཀུར་རྒྱ་ཆེར་བསྟར་ཞིང་མང་འགྱེད་གྱ་ནོམ་དང། བདེ་མཆོག་ནག་པོ་པའི་དབང་སྩལ། དེ་ནས་རིམ་གྱིས་ཡར་འབྲོག་ཏུ་ཕེབས་སྐབས་དགུན་ཡིན་ཀྱང་དཔྱིད་དུས་ལྟར་དྲོ་ཞིང་མཚོ་སྨན་འབྲོག་ཆེན་འཁོར་འདུལ་མ་དང། གནོད་སྦྱིན་གང་བཟང་གཉིས་ཀྱི་བསུ་བའི་རྣམ་པས་སྤྲིན་ཁོག་ལྔ་པ་གདུགས་རྒྱལ་མཚན་སོགས་མཆོད་རྫས་ཀྱི་རྣམ་པས་ཉེ་འཁོར་གྱི་ནམ་མཁའ་ཁྱབ་ཅིང། དེ་ནས་རིམ་གྱིས་རིན་སྤུངས་སུ་སྤྱན་དྲངས་ཤིང་མཆོད། གདན་སར་ཕེབས་ཉིན་སེར་ཕྲེང་གི་བཀོད་པ་དང་བསྟུན་ཀླུ་སྡིངས་མགོན་ཁང་དུ་རོལ་མོའི་སྒྲ་རང་ཁྲོལ་ཡུན་རིང་བྱུང་བར་གྲགས། འདི་ནི་ཆོས་སྐྱོང་དངོས་སུ་བཞུགས་པའི་མཚན་མར་ངེས་ཏེ། ཀུན་མཁྱེན་བསོད་ནམས་སེང་གེ་ཞིང་བརྗེ་ཁ་མའི་མནལ་ལྟས་སུ། རྟ་སྒ་བསྟད་པ་གཅིག་རྟ་པ་