[A:༧༠]གསུམ་འདུག་པས་གཅིག་ས་སྐྱ་ནས་འོང་པའི་མགོན་ཆེན། གཅིག་ཁའུའི་ཞལ། གཅིག་བྱ་གཤོང་གི་རྣམ་སྲས་མདུང་དམར་དེ་དག་གི་འཁོར་དུ་རྩེ་གདོང་ནས་འོང་པའི་མི་གསུམ་གྱི་བསྲུང་མདུད་མང་རབ་ཞུས་སོང་གསུངས་པ་ལྟར། འཕགས་པའི་ཤེལ་དམ་ཆེ་བ་རྩེ་གདོང་གདུང་བརྒྱུད་རྣམས་ཀྱི་ཕྱག་ན་བཞུགས་པ་དེ་ལ་དཀར་བདུད་ལྕམ་དྲལ་འཕྲེང་ནས་དངོས་སུ་བཞུགས་པར་བཤད་པ་བཞིན། བདག་ཆེན་ཀུན་དགའ་བསམ་འགྲུབ་ལ་རྣམ་རྒྱལ་རྩེར་དཀར་བདུད་ཀྱི་ཞལ་གཟིགས་པ་སོགས་བསྟན་ཚིགས་དུ་མ་སྣང། ལོ་དེའི་རྒྱལ་ཟླའི་ཉེར་ལྔ་ལ་མཁན་ཆེན་བྱམས་པ་རབ་བརྟན་གཤེགས་པའི་དགོངས་རྫོགས་ཐུབ་བསྟན་དུ་མང་འགྱེད་གདུང་འབུལ་རྒྱ་ཆེར་མཛད།
མེ་སྤྲེ་ལོ་སྐུ་མཚམས་དང་སྒྲུབ་མཆོད་སོ་སོའི་ཚོགས་དཔོན། དབྱར་ཆོས་གནང་བ་སོགས་བསྟན་པའི་བྱ་བ་མཛད། མེ་བྱ་དབོ་ཟླའི་ནང་སླར་ཡང་བྲང་ཏི་པ་སྤྱན་དྲངས་ཏེ་ལམ་འབྲས་ཀྱི་དབང་ལུང་ཁྲིད་བྱིན་རླབས་མན་ངག་ཞལ་ཤེས་ཕྱག་ལེན་ཚང་མ་གསན། ནཱ་ལེནྡྲ་ནས་སྤྱན་འདྲེན་བྱུང་བ་བཞིན་སྟོན་ཀ་དེར་ཆིབས་ཁ་བསྒྱུར་ཏེ་དགུང་ལོ་ཉེར་བརྒྱད་པ་ས་ཁྱི་དཔྱིད་ཁ་ནས་བཟུང་སྤྱན་སྔ་རིན་པོ་ཆེ་སོགས་གཞིས་བྱེས་ཀྱི་བླ་མ་སློབ་དཔོན་གྲ་བུ་སློབ་དགེ་འདུན་ཚོགས་པ་ལྔ་བརྒྱ་ཙམ་ལ་གསུང་ངག་དབང་ལུང་ཁྲིད་བྱིན་