[A:༧]ལྡན་དེ་ཡི་སློབ་བརྒྱུད་ལགས།
དེ་སྲས་དཔལ་ཆེན་འོད་པོ་ཡབ་ང་དགུ།
ལྕགས་རྟར་འཁྲུངས་ཤིང་ང་བཞི་ཆུ་ཕག་གཤེགས།
ཡབ་སོགས་དབུ་བླ་ཁ་ཤས་ཞལ་སློབ་རྣམས།
གསལ་བར་མ་མཐོང་འདིར་ནི་སྨོས་སུ་མེད།
གང་དེའི་ལྕམ་མོ་གར་ཕུ་ཉི་ཁྲི་ལས།
སྲས་གཉིས་བྱོན་པའི་གཅེན་པོ་ས་པཎ་རྗེ།
གཅུང་པོ་བཟང་ཚ་བསོད་ནམས་རྒྱལ་མཚན་ནི།
ཡབ་རྗེ་སོ་ལྔ་ཤིང་འབྲུག་ང་དྲུག་པ།
ས་ཕག་གཤེགས་དེས་མཁས་གྲུབ་བླ་མ་དང།
ཞལ་སློབ་མ་ཟིན་གྲུབ་པར་བཞུགས་དེ་ཡི།
བཙུན་མོ་ལྔ་དང་ཚ་སྣ་ཀུན་སྐྱིད་སྲས།
ཆོས་རྒྱལ་འཕགས་པ་འགྲོ་མགོན་ཕྱག་ན་གཉིས།
ཕྱག་ནའི་བཙུན་མོ་མམ་གལ་ཆོས་འབུམ་དང།
ཞ་ལུ་མཁའ་འགྲོ་འབུམ་གསུམ་ཕྱི་མའི་སྲས།
དྷརྨ་ཕཱ་ལ་དེ་ལྕམ་དཔལ་སྟག་གཉིས།
ཕྱི་མར་རཏྣ་བྷ་དྲ་སྲས་སུ་བལྟམས།
བཟང་ཚའི་བཙུན་མོ་གཉིས་པ་ཆུ་མདོ་མ།
ཇོ་འགྲོར་རིན་ཆེན་རྒྱལ་མཚན་ལྕམ་བཅས་བྱུང།
གསུམ་པ་གུང་ཐང་ལྷ་གཅིག་མཛེས་མ་ལས།
བསོད་འབུམ་ཉི་འབུམ་ཞེས་པའི་ལྕམ་གཉིས་སོ། །
བཞི་པ་གཡའ་ལུང་ཧོར་ལྕམ་སྲས་མོ་གཅིག།
ལྔ་པ་མཛེས་མའི་ཉེ་གནས་རྡོ་རྗེ་གདན།
ཞེས་པར་ཡབ་རྗེ་ང་ལྔ་ས་ཁྱི་ལོར།
ཡེ་ཤེས་འབྱུང་གནས་འཁྲུངས་ཤིང་སོ་བདུན་པ།
ཤིང་ཁྱིར་གཤེགས་དེའི་དབུ་བླ་ཞལ་སློབ་རྣམས།
མ་ངེས་བཙུན་མོ་ཁབ་