[A:༧༠༤]གསུང་བྱུང་བས་ཧོན་ཐོར་བ་ལྟ་བུས་ངུ་ཡང་མ་དྲན་དེ་ནས་ངེད་རྣམས་ལོག ཞབས་ཕྱིར་བཅར་སྡོད་རྣམས་ཡོད་པས་སྲོད་ནས་དུམ་ཙམ་མནལ་དུ་ཕེབས་དེ་ནས་མནལ་སད་པ་དང་ནམ་ཇི་ཙམ་སླེབས་གསུང་པར་ཕྱེད་མ་ཟིན་ཙམ་གདའ་ཞུས་པས་དེ་ནས་བཟུང་མནལ་ཡེ་མེད་པར་སྤྱན་ཧུ་རེར་བཞུགས་ཤིང་། ཕྱག་རྩ་གནང་བས་ཅུང་ཟད་མི་བདེ་བས་གསོལ་སྨན་བཞེས་ན་ཞུས་པར་རེ་ཞིག་འཐེན་ཙམ་གྱིས་ཕེབས་གཟིམ་འོད་ལ་གཟིགས་ཤིང་ཕྱག་གྲང་མོ་དེས་ཡུན་རིང་འཆང་བར་མཛད་པ་ནི་གཟིམ་འོད་རང་སྐལ་བ་བཟང་ངམ་སྙམ། དེ་དུས་གཟིམ་ཆུང་ཟང་དྲར་འོད་ཁྱུག་དང་ཟང་དྲ་སྐད་འབྱིན་པ་འདྲ་མོ་བྱུང་བ་ནི་ལས་མ་དག་པས་དེ་བཞིན་མཐོང་ཡང་དོན་ལ་མཁའ་འགྲོའི་འོད་དང་སྒྲ་སོགས་ཡིན་འདྲ་ཞིང་གསུང་ལས་རྟོགས་ལྡན་ཆོས་ཉིད་རང་གྲོལ་བྱོན་བྱུང་བཞུགས་གདན་ཐིངས་གསུང་པས་སེར་མ་ཡིན་འདྲ་བཞེས་ཐུག་གནང་མི་དགོས་སམ་ཞུས་པས་ཅི་ཡང་མི་དགོས་གསུང་། དེ་ནས་ཐོར་མགོ་མ་ཟིན་ཙམ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་དབུ་ལས་རླངས་པ་དུ་མ་ཐོན་པས་དབུ་ཞྭ་ཆུ་རྒྱུན་ཅན་དུ་གྱུར། སྤུར་ཆས་རྣམས་རིམ་གསོལ་གྱི་མཆོད་ཚོགས་དབུས་སུ་བཞུགས་སུ་གསོལ། ཕྱིས་སུ་ཐར་རྩེ་རྗེའི་གསུངས་ལས་དེ་ཉིན་ངེད་ཞྭ་ལུ་བརྒྱན་གོང་ཐད་དེར་འགྲུལ་ཞིག་ལ་འགྲོ་ཡིན་ཡོད་པས་མིག་ཁྲིག་ཅིང་སེམས་མ་དགའ་