[A:༧༠༧]སོགས་སྐུ་མདུན་དུ་བཀོད་པར་དུས་མཐའ་ནས་བཤད་པའི་སྤུར་བསྐྱེད་ཆོག་ཞུས།
གནས་སློབ་དེས་སློབ་དཔོན་མཛད་པའི་ངེད་རང་མི་ལྔ་ཙམ་གྱི་ཀྱཻ་རྡོར་རས་བྲིས་སྒྲུབ་མཆོད་དགུང་ཞག་ཞེ་དགུ་འཛིན་པའི་དབུ་ཚུགས། ནམ་མཁའ་གཡའ་དག་ཅིང་མེ་ཏོག་ཆར་སོགས་བྱུང་བས་འགའ་ཞིག་གི་བློ་ལ་ཞིང་རྗེས་པ་མིན་ནམ་སྙམ་པ་ཤར་ཡང་ཟེར་མ་ནུས། སྐུ་རིམ་ཡིན་ཁུལ་གྱི་མང་ཇ་མཆོད་འབུལ་འགའ་རེ་བྱས། ངེད་རང་ནས་དྲུག་པའི་བདག་མེད་སྒྲུབ་མཆོད་ལ་ཕྱིན་པས་དགའ་མོ་ཡོད་འདྲ་སྙམ་པ་ཡང་གཞན་བློར་ཤར་དེ་ནས་དགོངས་སྐོར་འགུག་པར་སྐབས་སུ་བབས་པའི་གསུང་སྔོན་འགྲོའི་གསང་རྒྱ་མི་དགོས་པའི་ཞལ་བཟང་བསྩལ་བས་དེ་མ་ཐག་གསང་རྡོལ་བའི་ཡབ་ཡུམ་དེ་གཉིས་རང་གི་གཟིམ་ཆུང་དངོས་ཐོག་ནས་འདུས་སྡེར་འབྲས་འཇམ་མང་འགྱེད་ཤིན་ཏུ་ཟབ་པ། ལྷ་ཆེན་ཁྱམས་སྟོད་སོགས་སུ་བརྒྱ་མཆོད་སོགས་གྲངས་མང། རིག་འཛིན་ལྷ་ཁང་དུ་བརྒྱ་མཆོད་སོགས་དང་བཅས་འདུས་སྡེའི་བླ་མཆོད་ཚར་ཁ་ཤས། གཙང་དབུས་གནས་རྟེན་ལ་མཆོད་འབུལ་དགོན་དུ་མར་མང་སྐོལ་སོགས་དང་། གདན་ས་གཞུང་ནས་འདུས་ཚོགས་ལ་བདེ་ཀྱཻ་གསང་གསུམ་བདག་མེད་མཁའ་སྤྱོད་ཀུན་རིག་རྣམས་ཀྱི་སྒྲུབ་མཆོད་ཞག་བཅུ་གཅིག་ཚུགས་པར། འབྲས་འཇམ་ཇ་དྲུག་