R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༠༨
[A:༧༠༨]ཚ་ཐུག ཞིབ་འབོ་རེ། མར་རྒྱར་སྤོར་ཏེ། ཐུད་ཞོགས་གཉིས་རྣམས་དང་མཆོད་གཏོར་ཟབ་གཤོམ་གྲོལ་ཉིན་གཞིམ་ཆུང་ནས་འགྱེད་བཟང་བ། ཡང་མང་ཇ་འགྱེད་བཟང་བཅས་གཞུང་ནས་སྒྲུབ་པ་དང་ཞལ་ངོ་སོ་སོ་ཆོས་སྡེ་རྣམ་གཉིས་དྲུང་འཁོར་སེར་སྐྱ་བླ་ཁག་ཚོང་ཁག་མི་སེར་སོགས་ནས་རང་འབྱོར་དང་བསྟུན་པའི་དགེ་སྒྲུབ་གདུང་འབུལ་རྟེན་བཞེངས་ཞལ་འདེབས་སོགས་དཔག་མེད་སྒྲུབ། ཡང་གྲོ་བཞིན་ཟླ་ནང་གཞུང་ནས་སེར་འདུ་ཉིན་གཉིས་ལ་འབྲས་འཇམ་རེ་མང་ཇ་བཞི་ཉིན་དང་པོར་ནང་ཚོགས་ལ་བཟང་ཇ་དང་། བྱིངས་ལ་དཀྱུས་ཇ་དངུལ་ཕོར་རེ། ཉིན་གཉིས་པར་ནང་ཚོགས་ལ་ཊམ་གཉིས་རེ་དང་ཕྱི་ཚོགས་ལ་ཊམ་རེ། གསུམ་པར་ཐང་སྟོན་མཆོད་འབུལ་བསྙེན་བཀུར་སྦྱིན་གཏོང་སོགས་བླ་མ་གོང་མའི་དགོངས་རྫོགས་དང་ཆ་འདྲའི་ཚོགས་དབུ་བསྔོ་སྨོན་སོགས་ལ་ངེད་སྤུན་ནས་སྟོང་མིན་བགྱིས་ཁུལ་དང་། གཞན་ཡང་འཕྲལ་ཡུན་གྱི་དགོངས་རྫོགས་སྒྲུབ་ཚུལ་འགའ་ཞིག་ཡོད་ཀྱང་རེ་ཞིག་དེ་ཙམ་མོ། ། གཞན་ཡང་གཞིས་བྱེས་ནས་ངོས་ཚོར་སེམས་གསོ་དང་། དགོངས་རྫོགས་མཛད་པ་དུ་མ་བྱུང་ཞིང་ཁྱད་པར་ཐར་རྩེ་རྗེ་ནས་དེ་ཕྲལ་ཕྱག་མཛོད་ཆེད་མངགས་རྫོང་གནང་གི་བཀའ་ཤོག་སེམས་གསོ་དངོས་པོ་བཅས་དང་འགྱང་མིན་སྐུ་དངོས་ཕེབས་པའི་གང་