[A:༧༡༠]ཞིག་ཤར། ངེད་ལྟ་བུའི་སྐལ་དམན་ལའང་སྣང་ཚུལ་དེ་འདྲ་འཆར་ན་གཞན་སྐྱེས་བུ་དམ་པའམ་སྐལ་རྣམས་ལ་དངོས་བརྒྱུད་དག་སྣང་ཞལ་གཟིགས་ཡོང་བ་ཐེ་ཚོམ་མེད་ཀྱང་གསུང་མཁན་ནི་མི་འདུག་པས་གོང་གི་ཚུལ་དེ། ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ། །རྒྱ་མཚོ་ཅ་ཅོ་ག་ལ་སྒྲོག །ཞེས་པའི་གྲས་སུ་མ་གྱུར་ཅིག །
དེ་དུས་སྤུར་སྒམ་ནས་སྐུ་རུས་རྡོག་ཙམ་ཞིག་བྱུང་བ་ད་ལྟ་བདག་གི་བྱིན་རྟེན་གྲས་ལ་ཡོད་པར་བསམ་ཚེ་དུས་ཕྱིས་གདུང་འཛིན་ངེད་ལ་དགོས་པ་དང་། ཕུགས་ཀྱི་རྟེན་འབྲེལ་ལའང་བསམ་བཞིན་སྩོལ་བར་མཛད་པ་ཞིག་ཡིན་འདུག་པས་རྗེས་འཇུག་རྣམས་ནས་ཐུགས་བཅག་གང་དག་ཞུ། གདུང་རུས་ཞུ་ལ་ཕུལ་བ་རྣམས་བཏུལ་ནས་མཆོད་དགུ་བླ་མ་ཡི་དམ་སོགས་ཀྱི་སྐུ་པར་འཇིམ་པ་དང་བསྲེས་ཏེ་གྲངས་མང་གསེར་མཚལ་སོགས་ཀྱི་བསྒྱུར་བ་རྣམས་འོག་གི་རྟེན་བཞེངས་རྣམས་ཀྱི་གཟུངས་དང་རྟེན་སྒམ་ནང་དུ་བསྲི་དགོས་གདུང་འགྱེད་སོགས་བགྱིས་ཤིང་། འོན་ཀྱང་ངེད་རང་ན་ཕྲ་སྐབས་ཡིན་པས་བཀོད་པ་མ་ཐུབ་པ་དེས་སྐྱོན་ཡིན་ནམ་ཧ་ཅང་གིས་འགད་གཙང་རང་ནི་མ་བྱུང་། ཞབས་རྗེས་ཕྱི་རྟེན་ས་འབུམ་གདུགས་ཆོས་འཁོར་གསེར་ཟངས་ནང་རྟེན་དངུལ་གདུང་ཆེ་བ་ཕྲ་རྒྱན་ཅན། དབུ་རྩེར་གསེར་ཟངས་ཀྱི་རྗེ་དེ་ཉིད་ཀྱི་སྐུ་སྒྲོས་གཙང་ཆེ་བ་སྐུ་ཐང་ཁ་ཤས་དུས་མཆོད་དུ་ཐུབ་དབང་གནས་རྟེན་སོགས་