R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༡༡
[A:༧༡༡]འཇིམ་སྐུ། དུས་ཇ་ཟླ་ཚེས་དུས་དྲན་མཆོད་འབུལ་ཀྱཻ་རྡོར་སྒྲུབ་མཆོད་ཞག་དགུ་སེར་འདུ་བཅས་པ་སོགས་སོ་སོའི་དཀར་ཆག་དང་གཏོང་དེབ་ཏུ་གསལ་བ་བཞིན་དང་གཞན་ཡང་ངེད་རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་རྗེ་དེ་ཉིད་ཀྱི་ཟབ་དགོངས་ཆོས་དབྱིངས་སུ་རྫོགས་ཐབས་ཁོ་ནར་འབུལ་རྩིས་ཡིན་པ་བཞིན་མགོན་དེའི་གདུལ་བྱ་སྐལ་ལྡན་གཞན་ནས་ཀྱང་དེ་བཞིན་མཛད་ཡོད་འགྲོ་ཡང་སྐུ་དྲིན་གྱི་ཆ་ཤས་ཙམ་ཡང་འཁྱེར་བའི་གོ་སྐབས་མཆིས་པས་བདག་གཞན་སྒོ་གསུམ་བགྱི་བ་རྣམ་ཀུན་དོན་ཡོད་དམ་པ་ཁྱེད་ཉིད་དགེས་པའི་རྒྱུར་འགྱུར་བའང་གཅིག་མཆོག་རྒྱལ་པོ་ཉིད་ལ་གསོལ་བ་འདེབས་ན་དེ་དེ་བཞིན་དུ་འགྱུར་བར་བྱིན་གྱི་བརླབས་ཏུ་གསོལ། རང་གི་དད་པ་མ་བསླུས་ན་བླ་མའི་བྱིན་རླབས་ཀྱི་མི་བསླུ་བས་ཞིང་བརྗེས་ནས་ཀྱང་བདག་ལ་དགེས་པའི་འཛུམ་ཞལ་བསྟན་པ་གོང་འཁོད་བཞིན་དང་གཞན་ཡང་རང་ལོ་ཉེར་གསུམ་ཙམ་གྱི་ནག་ཟླའི་ཚེས་ཞིག་ལའང་རྗེ་དེ་ཉིད་ནས་རང་སེམས་ལྷག་ལྷར་ངོ་སྤྲོད་མཛད་པ་ཞིག་ཤར་ཡང་དེ་ཙམ་གྱིས་ཆོག་ཅིང་ད་ལྟའི་བར་དུ་བག་ཆགས་དང་དགོས་པ་ཁྱད་པར་ཅནཁྱར་པར་ཅན་གྱི་ཡང་ཡང་རྨི་ལྟས་སུ་ཕེབས་པ་ཞིག་འདུག་ཅིང་། འོད་ཟེར་ལའང་སྐབས་ཞིག་རྨི་ལྟས་སུ་རྗེ་དེ་ཉིད་ཕེབས་པར་གདུང་ཤུགས་ཀྱི་རྗེས་སུ་འཛིིན་དགོས་ཚུལ་ཞུས་པས་ནུབ་ཕྱོགས་ན་ལྟུང་བཤགས་སངས་