[A:༧༡༣]དང་སྲས་མོ་བཞི་སྟེ་བདུན་བྱུང་བའི་གསུམ་པ་བདག་གི་རང་འཚང་ནི་དགོས་པའི་དབང་གིས་འོག་ཏུ་འཆད་ལ་འདིར་དྲུག་པ་བདག་གི་ནུ་བོ་གཞོན་པ་དེ་ནི་སེམས་ཆུང་བ་དང་ལྷག་བསམ་དཀར་བ་ཙམ་ལས་གཞན་མཁས་བཙུན་བཟང་པོའི་རྟོགས་བརྗོད་འདི་ཡིན་ཞུ་རྒྱུ་མེད་ཀྱང་གདུང་རབས་ཁ་སྐོང་གྲས་ལ་གནས་ཚུལ་འདྲི་མི་འོས་པའང་མེད་པས་དེ་ཉིད་རྒྱུ་མཚན་དུ་བྱས་ཏེ་ལོ་རྒྱུས་ཅུང་ཟད་ཞུ་བ་ནི། མ་ལགས་དེའི་སྐུ་ལ་འཁྲིལ་དུས་མནལ་ལམ་ངོ་མཚར་ཅན་མང་པོ་བྱུང་བྱུང་གི་ཡི་གེ་ཞིག་འདུག་པ་དེས་ལས་རགས་ཙམ་བསྡུས་པ་ནི། དེ་ཡང་ཆུ་གླང་ལོ་མངལ་དུ་ཞུགས་པ་ན་ནུབ་གཅིག་མནལ་ལྟས་སུ་ཡབ་ཡུམ་ལྷན་རྒྱས་གདའ་ཆུར་སྐུ་ཁྲུས་ལ་བྱོན་སོང་བས་རྫིང་བུ་ཁ་དོག་སྣ་ཚོགས་པ་ཞིག་ལ་ཁྲུས་མཛད་པས་ཆུ་དཀྱིལ་ན་ཡབ་རྗེ་དེ་ཉིད་ཡིན་རྒྱུའི་ཁུལ་ལ་རྣམ་པ་ཕྱག་ན་རྡོ་རྗེའི་སྐུ་ཆེ་བ་ཞིག་འདུག་པ། དེས་རྡོ་རྗེ་བསྣུན་པས་ལུས་ལས་སྲོག་ཆགས་དང་རྣག་ཁྲག་ཟགས་པ་དང་། ཡང་སྐབས་ཤིག་མ་ཧེ་སྐད་གཏོང་བ་ཡིན་སྙམ་པའི་རྩེ་གསུམ་པ་རྐང་གླིང་ཐོགས་པ་ཞིག་འོངས་ནས་འབྲང་ལྕག་གིས་བྲབས་པས་སྐུ་གཟུགས་ཕྱི་ནང་མེ་ཁ་དོག་སྣ་ཚོགས་ཀྱིས་གང་བ་དང་། ཡང་ལོ་དེའི་ཁྲུམ་ཟླའི་ནང་ཞལ་ཏ་མ་བསོད་ནམས་ཆོས་འཛིིན་ཡིན་སྙམ་པས་བཙུན་མ་ཞིག་དང་བུད་མེད་བཞིའི་སྐྱེད་ལྷས་ལྷོའི་སྤང་རི་ལ་ལུག་ཁྱུ་འཚོ་ཞིང་འདུག་པས་