[A:༧༡༤]མ་མོ་གཉིས་ལ་ལུག་གུ་དཀར་པོ་རེ་བཙས་པས་བཙུན་མ་དེས་ལུག་གུ་ཞིག་མ་ལགས་རང་ལ་སྤྲད། གཅིག་བསམ་བརླིང་དུ་སྐྱེལ་རྒྱུ་ཡིན་ཀྱང་བདག་མི་ཐུབ་བམ་ཟེར་ཚུལ་ལམ་སྐྱེད་ལྷས་བྲག་གསེབ་ལ་སྨུག་རྩེའི་མེ་ཏོག་ཁྲོད་ནས་བྱམས་མགོན་གྱི་སྐུ་དམར་པོ་རྙེད་པ་ཞིག་ཀྱང་བྱུང་འདུག་པས་འདི་ནི་ལྐོག་གྱུར་རྗེན་གསལ་འདྲ་མོ་ཞིག་ཏེ། དེ་དུས་ལྷ་མཛེས་བུ་ཁྲིད་ཀྱི་སྲས་སྔོན་མ་དེའང་སྐུ་ལུས་ལ་ཡོད་ཀྱང་སླར་འཁྲུངས་འཕྲལ་གཤེགས་པ་དེར་མངོན་ཞིང་ཡང་བྱེ་རྫིང་ཚོགས་ཀྱི་གཙུག་ལག་ཁང་ན་ཁྱུང་པོའི་རིང་བསྲེལ་ཡོད་པ་གསན་པའི་བག་ཆགས་ཀྱིས་དེར་ཕེབས་འདུག་པ་ན་རིང་བསྲེལ་དེ་ཡིན་ཟེར་བའི་ངང་སྒོང་འདྲ་པོ་སེེེར་པོ་ཞིག་ལ་བྱིིན་རླབས་ཞུ་བར་མཛད་པས་རིང་བསྲེལ་གཉིས་བྲུལ་བས་གཅིག་མཆོད་གཅིག་གཉེར་བ་དང་། ཡང་རོང་ངུར་སྨྲིག་ཡིན་ཟེར་བར་ཕ་བོང་དྲིལ་བུ་འདྲ་བའི་ངོས་ནས་སྤྱན་རས་གཟིགས་ཀྱི་སྐུ་དང་མ་ཎི་རང་བྱོན་བཏུས་ནས་མཆོད་པ་དང་། ཡང་སྔར་ནས་ཡང་ཡང་མནལ་ལམ་དུ་འོང་བའི་བཙུན་མ་པདྨ་ཆོས་དཔལ་ཡིན་ཟེར་བ་དེས་ནང་རྩ་ལྷས་དང་ཕྱིར་མགྲོན་བུའི་གཡོགས་པའི་ཆམ་རྩེ་འདྲ་བ་ཞིག་ཕུལ་ནས་འདི་གྱོན་གྲིབས་བསྲུང་ཡོང་ཟེར་བ་དང་། ཡང་གཞི་དགོན་བུམ་འཛིན་བྱམས་པ་རབ་བརྟན་བཟང་པོ་ཞེས་ར་ལོའི་རྣམ་འཕྲུལ་དུ་གྲགས་པ་དེར་ཚེ་སྒྲུབ་ཡང་ཡང་ཞུ་བར་མཛད་པས། ལན་གཅིག་