R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༡༧
[A:༧༡༧]རྗེ་ལས་རྐྱེན་སེལ་ཁ་ཤས་དང་མཁན་ཆེན་དབང་ཕྱུག་ཕུན་ཚོགས་ལ་ཡང་ཚེ་དཔག་ལྷ་དགུ་དང་གྲུབ་རྒྱལ་མའི་དབང་ལན་འགར་ཡང་ཐོབ་ཅིང་། སྨིན་བྱེད་ཐོག་མ་ཡབ་རྗེ་ལས་རྡོ་རྗེ་ཕུར་པའི་དབང་རས་བྲིས་སྟེང་ནས་ཐོབ་པ་དང་། གུར་དྲག་དབང་སོགས་ཐོབ་པས་གནས་སྐབས་དེ་དག་ཏུ་ངེད་སྤུན་རྒན་པ་རྣམས་ཆོས་གྲལ་དུའང་རྩེད་མོས་སྡོད་མི་ཟུག་ཀྱང་ཆུང་ངུ་དེ་ཡབ་ཡུམ་གྱི་ཞལ་ལ་ལྟ་ཞིང་ཆོས་ཉན་ཁུལ་དང་སྐབས་རེར་ཕྱག་རྒྱ་འདྲ་མོ་བྱེད། རྒན་ཉམས་ཀྱི་ཕྲེང་བ་འཁུར་ནས་སྔགས་འདྲེན་ཚུལ་དང་། སྲོགས་ཆགས་ལ་བྱམས་སེམས་ཀྱི་ངེད་རྣམས་ནས་སེམས་ཅན་བཟུང་ན་བསད་དོགས་དང་། གཞན་གྱིས་གཞན་ལ་སྡིགས་པ་ལྟར་བྱས་ན་མཆི་མ་འདོན་ཞིང་། བསྐང་གསོ་དང་གུར་དྲག་ཆག་མེད་བྱེད་ཁུལ་ལས་གཞན་རང་བག་ཆགས་ཆེར་མ་མཆིས། ལོ་བཞི་པར་ཕུར་སྒྲུབ་ཐོག་ཕུན་ཚོགས་གླིང་ལ་འགྲོ་རྒྱུའི་གོང་ཚོམས་ཆེན་མགོན་ཁང་། དབུ་རྩེ། སྒོ་རུམ། ནང་སོ་རྣམས་མཇལ་བས་ནང་སོར་པུ་ཏྲ་སླེབས་བྱུང་ཟེར། ཐབ་སྤོས་དུས་དྲུང་འཁོར་གྱི་བཞས་སོགས་བྱས། ཁལ་ཁ་བྱང་ཆུབ་རྡོ་རྗེའི་འབུལ་ཆེན་འབྱོར་བས་བསོད་ནམས་ཆེ་ངོ་བྱུང་། སྐབས་ཞིག་ཐར་རྩེ་རྡོ་རྗེ་འཆང་ས་སྐྱར་ཕེབས་དུས་ཚང་མས་རྐྱེན་སེལ་གསན་པར་ཚེ་དབང་ཞིག་སྩོལ་དུས་ཡབ་རྗེར་སྒྲོལ་དཀར། ངེད་ལ་དབྱངས་