[A:༧༡༨]ཅན་ལྷ་མོ་ནུ་བོ་དེར་ཞལ་སྒྲུབ་དུས་མགོན་པོའི་སྐུ་ཐང་གནང་བས་ངེད་གཉིས་ཀྱི་ཐང་ཁར་གོང་གཤམ་མི་འདུག་པས་གོང་གཤམ་གསོལ་དུས་གོས་སྤུ་མ་འབྲུག་རིས་སོགས་འབུར་ཐོན་ཚོན་སྣས་སྤྲས་པ་ཞིག་བྱུང་སོང་བས་བསྲུང་མ་འདི་ཀུན་ཏུ་འགོ་ཞིང་འཕྲིན་ལས་སྒྲུབ་པའི་རྟེན་འབྲེལ་ཡིན་ནམ་སྙམ་ཞིང་། དེ་དུས་ཚེ་དབང་གནང་དུས་ཚེ་བུམ་ཟན་བཟོ་ལས་ཚེ་ཆུ་དངོས་སུ་ཕེབས་པས་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ལ་ཉུང་ངུ་དང་། ངེད་ལ་ཐིགས་གྲངས་མང་ཙམ། ནུ་བོ་དེ་དང་མ་ལགས་ལ་གཏན་ནས་མ་བྱུང་བས་ཕྱིས་ཀྱི་རྟེན་འབྲེལ་ཀྱང་དེ་ལྟར་དུ་གྱུར། ཡང་དེ་དུས་ཚེ་དཔག་ལྷ་དགུའི་སྒོ་ནས་འཆི་བསླུ་དང་རྗེས་འབྲེལ་དབང་ཡང་བསྩལ་ཞིང་མེ་ཏོག་དཀྱིལ་འཁོར་ལ་འབུལ་དུ་འཇུག་པར་མཛད་པས། ཡབ་རྗེའི་དེ་སངས་རྒྱས་ཚེ་དཔག་མེད་ལ་བབས། ངེད་ཀྱིི་དེ་རིན་ཆེན་ཚེ་དཔག་མེད་ལ་བབས། ནུ་བོ་དེ་དང་མ་ལགས་དེ་གཞལ་ཡས་ཁང་ནང་དུ་ལྷུང་ཙམ་བྱུང་། གུར་ཁྲོ་བཅུ་དང་ཞལ་བསྙེན་དུས་ཀྱི་རྗེས་གནང་ཀྱང་བསྩལ།
་དེ་ནས་རིམ་གྱིས་ལོ་བདུན་པར་སླེབས་དུས་ངེད་གཉིས་ཆོས་ཁྲི་ཐང་མོ་ཆེར་ཆེ་འདོན་ལྷན་དུ་གནང་བས་རྒན་གཞོན་ཁྱད་ཐུབ་པ་དགོངས་གསལ་ངེད་ཀྱི་སྐྱར། མངའ་གསོལ་ཕྱག་ནས་ནི་གཉིས་ཀ་བྱུང་བས་སྐལ་བ་བཟང་སྙམ་ཡིན། ཀ་བཟླ་སུམ་ཅུ་