[A:༧༡༩]ནས་བཟུང་སློབ་གཉེར་བྱེད་རྒྱུའི་ཐོག་མ་ཡབ་རྗེ་རྡོ་རྗེ་འཆང་ནས་བཀའ་དྲིན་སྐྱང་སྟེ་དགོངས་གཞི་ཁྱད་པར་ཅན་གྱི་གསུང་ངག་རྡོ་རྗེའི་ཚིག་རྐང་དང་ལམ་དུས་འབྲིང་པོ་གསུང་སློབ་གནང་ཞིང་ཤེས་པའང་སླ་མོ་བྱུང་བས་སྔར་ཐུགས་མཐོང་ཆེ་ཁར་ལྷག་པར་ཡང་བྱམས་རྩེ་བཀའ་དྲིན་ཆེ། དེ་ནས་འབྲུམ་ནད་ཀྱི་མནར་བ་སོགས་སྐལ་ངན་དང་། གསུང་ངག་ལམ་འབྲས་ཐོབ་པ་སོགས་སྐལ་བཟང་མྱོངས། དེ་ནས་འགྱང་མིན་ཡབ་རྗེ་ཆོས་དབྱིངས་སུ་གཤེགས་པས་སློབ་གཉེར་འཕྲོ་རྣམས་གནས་སློབ་བཟོད་པ་བཀྲ་ཤིས་དེས་སློབ་གྲོགས་མཛད་པས་སྟབས་བདེ་ཐོག་ནས་སྒྲིགས་རྒྱུག་རིམ་བཞིན་བྱུང་སོང་ཞིང་དེ་ལོ་ངེད་གཞི་བསྙེན་རིང་སྦྱིན་བདག་དང་སྒར་ཁག་སོགས་ངོས་ཕྲད་དགོས་པ་རྣམས་འགན་ལེན་མུར་ཐུབ་བསྟན་མཁན་ཆེན་ཚུལ་ཁྲིམས་བཟང་པོ་བྱོན་པར་ངོས་འཕྲད་དང་རྐྱེན་སེལ་ཞུས་ཤིང་ཐར་རྩེ་རྗེའང་བཞུགས་ཡོད་པས་གཉིད་ཀ་ནུ་བོ་དེར་དགྱེས་སོ་དཔེ་མེད་གནང་། གང་ལྟར་ཐར་རྩེ་རྡོ་རྗེ་འཆང་གི་བཀའ་ཆོས་བསྩལ་བ་ཕལ་ཆེར་ངེད་དང་དབྱེར་མེད་ཐོབ། ཁྱི་ལོའི་དཔྱིད་བྲག་རྩ་རྡོ་རྗེ་འཆང་གི་ཞབས་ལ་བཏུགས་དུས་དབང་རྗེས་གནང་དང་ལུང་འགའ་རེ་ཞུར་ཡོད་ཅིང་བཀའ་ཁྲིད་རྣམས་ལ་ནི་མེད། དེའི་དགུན་སྡེ་དགེ་ནས་ས་སྐྱོང་བསོད་ནམས་མགོན་པོ་འཁོར་བཅས་བྱོན་པས་ངོས་ཕྲད་ཞུས། ཆུང་