R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༢༠
[A:༧༢༠]ངུར་ཕུར་སྒྲུབ་སོགས་ལ་ཕྱིན་ཞིང་། ཕག་ལོར་ངེད་དབུས་གཙང་སོགས་ལ་སོང་དུས་རེ་ཞིག་སྔར་བཞིན་མཇལ་ཁ་སོགས་བཏང་ཞིང་སྟོན་མཇུག་ནས་དགེ་རྒན་དང་ལྷན་ཅིག་འབྱུང་འདུལ་བསྙེན་པ་བྱས། དེ་ནས་ངེད་རང་འགྲུལ་ནས་འཁོར་བའི་བྲེལ་བ་རྣམས་གྲུབ་ཕྲལ་ནས་ཟླ་བ་ཁ་ཤས་མཚམས་ལ་བསྡད། ཆར་འཕར་བྲེལ་མུ་ནས་བྱི་ལོའི་དགུན་གནས་གསར་རྡོ་རྗེ་འཆང་གི་ཞབས་ལ་བཏུགས་པས་ངེད་སྤུན་རྣམས་ལ་ཐོབ་ཡིག་པོད་ཆེན་བྱུང་ཡང་བསམ་སྒོམ་རང་ནི་ག་འདྲ་བྱུང་ཡོད་དམ། དེ་སྔོན་ཙམ་ནས་བཟུང་ཨ་ཎི་དྲུང་དེ་ཉིད་དང་ངེད་རང་ལས་ཀྱང་ཆོས་ཁ་ཤས་ཐོབ། གླང་ལོོའི་སྟོན་དགེ་རྒན་དང་ལྷན་ཅིག་ཕུར་བསྙེན་སྦྱིན་སྲེག་བཅས་བགྱིས། རྒྱུད་འདོན་དང་བླ་མཆོད་ནི་ཚར་འགའ་རེ་ལས་མེད་ཕུར་པ། བདེ་ཀྱཻ་གསང་གསུམ། བདག་མེད་མ། བསྐང་བ་གཏོར་བཟློག་སོགས་ལ་སློབ་དཔོན་བགྱིས་དང་མ་བགྱིས་སྣ་ཚོགས་ཀྱི་ཕྱིན། ཆོས་འཆད་ཐོག་མ་གནས་གསར་རྗེར་འཇམ་དབྱངས་དམར་སེར་རྗེས་གནང་ཕུལ་དུས་མགོ་བཤད་ངོས་ཀྱི་གསར་སྒྲིགས་བཅས་རྒྱས་ཙམ་ཕུལ་བས་ཐུགས་ཤིན་ཏུ་དགེས། སྟག་ལོ་སོགས་ལ་ལོ་རྒྱུས་འདྲ་ཡོད་འགྲོ་ཡང་མ་དྲན། ཡོས་ལོའི་སྟོན་གཟིམ་དཔོན་ཀུན་ཕུན་དང་ལྷན་ཅིག་ཀྱཻ་རྡོར་གཞི་