R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༢༡
[A:༧༢༡]བསྙེན་ལ་སྡོད་རྒྱུའི་མགོན་ཁང་ཁག་བཞིར་འཕྲིན་འཆོལ་ངོས་དབང་ཁང་མདོར་མཚམས་ཆས་རྣམས་སྒྲིགས་པས་ཨ་ཙར་གཉིས་ནས་ཤེལ་བུམ་ཆེ་བ་ཞིག་ཏུ་གངྒའི་ཆུ་འཁུར་ཞིང་ཕྲད་པར་ཡམ་བུ་དང་གོར་ཁའི་ལོ་རྒྱུས་ལས་གཞན་ནི་མི་འདུག མཚམས་ཐོག་གུང་འགྱུར་མེད་ཚེ་བརྟན་དཔོན་གཡོག་རྣམས་ཕེབས་པར་ངོས་ཀྱི་ཕུན་ཚོགས་གླིང་དུ་བསྡད་ནས་ཞལ་ཡ་ཞུས། ནུ་བོ་དེ་མཚམས་ལ་ཡོད་ཚུལ་ཞུས་ཀྱང་མ་གསན་པར་སྐུ་རྐྱང་ལ་ངོས་ཕྲད་དགོས་ལུགས་ནན་བསྐྱེད་མཛད་པས་མཚམས་འོག་ཏུ་མ་ཆུག་བཞིན་དུ་མི་མཇལ་ཀ་མེད་བྱུང་བས་དེས་མཚམས་རལ་བར་སོང་བ་ཡིན་ནམ་བསྙེན་པ་གསུམ་གཉིས་ཙམ་སོང་ཐོག་ཁྲག་རླུང་ལྟ་བུ་ནད་ཀྱི་མི་ཁྱོལ་བ་བྱུང་ཡང་སྦྱིན་སྲེག་བཅས་མཐར་ཕྱིན་པའི་དགའ་སྟོན་དུ་ཡུལ་ཆེན་བན་ཚང་པས་ལས་མགོན་རུ་འདྲེན་སོགས་ཀྱི་འཆམས་བྱས། འབྲུག་ལོར་ངེད་རང་ལྷན་ནས་གུར་མགོན་བསྙེན་པ་ཟླ་གང་བགྱིས། འཇམ་མགོན་སངས་རྒྱས་ཡེ་ཤེས་ནས་གྲུབ་ཐོབ་བརྒྱད་བཅུ་ཉི་སྦས་སྒྲོལ་མ། སྣར་ཐང་བརྒྱ་རྩ། ས་སྐྱ་བཀའ་འབུམ་ལྗགས་ལུང་སོགས་རྒྱ་ཆེར་སྩོལ་དུས་ཀྱང་ཕལ་ཆེར་ལ་ཡོད་ཅིང་གོང་དུ་བཤད་པའི་ན་ཚ་ཐུ་མོ་དེའང་བྱུང་བས་ངོར་པ་དཔོན་སློབ་རྣམས་ཀྱིས་འཇིགས་བྱེད་དྲུག་ཅུ་རྣམ་རྒྱལ་སྟོང་མཆོད་སོགས་དང་ཆོས་གྲྭ་ལྷོ་བྱང་ནས་ཀྱང་རིམ་གྲོ་གང་འགྲུབ་མཛད་ཅིང་། དེ་རང་