R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༢༢
[A:༧༢༢]ཚེ་སྒྲུབ་སོགས་ལ་བརྩོན་པར་བྱས་པས་རེ་ཞིག་ནས་ལུས་ལས་འབུ་མཐོ་གང་ཙམ་ཞིག་མངོན་སུམ་ཐོོན་པས་ནད་གྲོལ་ཞིང་། ངེད་རང་གཞིས་རྩེེ་རིན་རྩེ་སོགས་ལ་འགྲོ་སྐབས་དང་མཛོད་པ་ན་མུར་ཡོད། ནུ་བོ་དེས་ས་སྐྱར་ཁུར་བཟུང་དེའི་དགུན་དགེ་རྒན་ཀྱང་གཤེགས། སྦྲུལ་ལོའི་སྣྲོན་ཟླ་ཙམ་ནས་ནུ་བོ་དེས་ཁྱད་འཕགས་བྱང་མགོན་ཁང་དུ་གུར་མགོན་བྲག་རྫོང་མའི་བསྙེན་པ་ཟླ་གང་སྦྱིན་བསྲེག་བཅས་བགྱིས། ངེད་ཀྱི་ཕུར་སྒྲུབ་བཤད་ལས་དང་མདོས་ཆུང་། སྐུ་རིམ་ཆེན་པོའི་གཟོར་ལས་བགྱིད་རྒྱུའི་མཚམས་རྣམས་མུ་སྦྲེལ་ཚུལ་གོང་ནུ་བོ་དེས་དབྱུག་ཟླའི་ནང་སྒོ་རུམ་བླ་མ་ལྷ་ཁང་དུ་སྡོད་ཡུལ་བྱས་ནས་བསེ་མགོན་ཆེན་པོའི་དྲུང་ཞག་ཤས་བསྐང་བ་ཁོ་ནར་འབད་དུས། ཉིན་གཅིག་བསེ་མགོན་བཞུགས་ཡུལ་ནས་སྐུ་མདུན་ལ་ཉང་མཛད་པ་ལྟ་བུ་དང་། ཉིན་གཅིག་ས་ལོའི་ཕྱག་རྔ་བརྡུང་མུར་ལྤགས་ལྡེབས་ལ་འོད་ཁྱུག་པ་དེ་རང་དང་གཟིམ་དཔོོན་ཀུན་ཕུན་གཉིས་ཀས་མཐོང་། ཡང་དེ་སྐབས་མཁའ་འགྲོ་འདུ་བའི་དུས་ཞིག་ལ་ངེད་ཀྱི་པུ་ཏྲའི་ཐུན་མོང་མིན་པའི་གསང་རྟེན་གཉིས་གསར་བཟོའི་སྐང་བ་སོགས་དབང་ཁང་མདོར་སྲོད་ཆེན་ཐོག་བགྱིས་ནུབ་འགག་པ་རབ་བརྟན་གྱི་རྨི་ལྟས་སུ་བཞི་ཐོག་རྩེའི་ཐོག་ཁའི་སྒོ་དེར་སྒོ་ལྕགས་བྱེད་རྒྱུ་ཡིན་བསམ་པ་