[A:༧༢༣]ལ་མི་མགོ་རློན་པ་ཁྲག་འཛག་འགེལ་བཞིན་འདུག་པས་འཇིགས་སྣང་ཤར་བ་དང་། སྒོ་རུམ་འཁོར་ཚོམ་དུ་སྡིར་ཆོམ་དུ་མའི་ཚིག་གསལ་བ་ལ་གཡའ་གཡའ་ཟེར་བས་དོན་ཆེན་དེ་བླ་མ་ལྷ་ཁང་མདོར་ཉལ་མ་ནུས་པ་གཞན་དུ་བྲོས། དུམ་ཙམ་ཞིག་ནས་མཁར་རྔར་སོར་མོ་བསྣུན་པ་ལྟ་བུའི་སྒྲ་ཞིག་བྱུང་ནས་ལྡིར་ཆོམ་རྣམས་ཡར་འོང་ཏེ་དབུ་རྩེ་རྙིང་མའི་གསེར་ཕུར་ཁར་ཡང་ཁྲག་རློན་ཐོར་རེ་བ་དང་འཁོར་ཚོམ་ལྷོ་འགྲམ་ལ་ཆེ་བ་རྟ་དང་ཆུང་བ་ར་ལུག་གི་རྨིག་རྗེས་འདྲ་མོ་གདན་ནས་ལ་མང་དུ་བྱུང།
ཟླ་མཇུག་དེར་ངེེད་རང་མཚམས་ལ་སྡོད་ཁར་ཤར་ཕྱོགས་ནས་དོན་མེད་ཟེར་བསོག་མང་པོས་རྒྱུད་འཁྲུགས་བཞིན་དུ་སྡོད་དགོས་བྱུང་། དེ་ནས་རིམ་བཞིན་བོད་དཔོན་སྐུ་མཆེད་དུས་གཟར་ཇེ་གསལ་གྱི་ཐམས་ཅད་ཡ་ང་ལ་བྱ་ཐབས་ཟད་ཅིང་འཇིགས་ཞུམ་ཟླ་སྦྲེལ་སྐབས་དུས་མདོས་གཏོར་པོད་སོགས་ཀྱི་སློབ་དཔོན་ནུ་བོ་དེ་བགྱིས་ཞིང་། ཆོས་འཆད་ཀྱང་རེ་གཉིས་བྱས་ཚོད་ཡིིན་ཅིང་ཕུར་ཆེན་ལྷག་མ་དེའི་དཀྱིལ་ཆོག་སོགས་ཀྱི་ཕྱི་དབྱངས་ནང་དབྱངས་བསྐང་བ་བསྟོད་པ་རྣམས་ཀྱི་དབྱངས་སོགས་ཟུར་འཆད་རྗེ་དྲུང་ལ་བསླབ་འདུག། དེ་དུས་སྟོད་ཕྱོགས་བྲོས་ཤོར་རྣམས་བྱུང་དོགས་དང་། འདར་སྡེ་པ་སྐུ་མཆེད་ལ་སྲོག་སྐྱོབ་ཞུ་བ་སོགས་