R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༢༤
[A:༧༢༤]གང་ས་ནས་འཚེར་བའི་རང་བཞིན་དང་། བསམ་ཡས་སྐུ་རྟེན་པ་འབྱོར་བར་ངོ་འཛིན་ཆོས་འབྲེལ་སོགས་ཀྱང་ནུ་བོ་དེས་བྱས་ཤིིང་སྐུ་བརྟེན་པའི་ལྷ་ཁང་རྩེའི་སྔགས་འཆང་ཆེན་པོའི་སྐུ་ལ་སྨོན་ལམ་བཏབ་པའི་དབུ་མཚམས་ནས་ཟིལ་པ་ཐོན་པས་བཟང་ངན་གང་ཡིན་ནི་མ་ཤེས། སྦྲུལ་ཞུག་རྟ་མགོར་སྡེ་དགེ་བློ་གྲོས་རྒྱལ་མཚན་སྐུ་མཆེད་འཁོར་བཅས་བྱོན་པར་ངོས་སྤུན་ནས་དགོངས་བཞེད་གང་འགྲུབ་ཞུས་ཤིང་ནུ་བོ་དེས་ཆོས་འབྲེལ་ཡང་ལེ་ཚན་ཁ་ཡར་བྱས་ཚོད་ཡིིན། ལྕགས་རྟའི་སྣྲོན་ཟླ་སོགས་ལ་ངོས་ཀྱི་གཞིས་རྩེར་ཕྱིན་སྐབས་དང་ལོ་དེའི་དགུན་མཇུག་ནས་ངེད་རང་ཀྱཻ་རྡོར་གཞི་བསྙེན་ལན་གཉིས་པར་སྡོད་སྐབས་རྣམས་ལ་སྒྲུབ་མཆོད་ཚོགས་དབུ་སོགས་འགན་ཕལ་ཆེར་དེས་ཁུར་ཞིང་ཁྱད་པར་ལྕགས་ལུག་ལོའི་བདུད་རྩི་རིལ་སྒྲུབ་ཀྱང་དེས་བྱས་ལོ་དེའི་སྟོན་ཁོ་བོས་རྩེ་གདོང་དུ་ཕུར་སྒྲུབ་འཛུགས་པ་སོགས་བྲེལ་བ་རྣམས་ལ་ཟླ་ཤས་གཡེང་དུས་དང་། ཡར་སླེབས་ནས་ཞལ་ཟོར་ལས་བསྙེན་སྐབས་སོགས་ལའང་དེས་དུས་མདོས་སོགས་ཀྱི་མགོ་བྱས་ཆུ་སྤྲེ་སོས་ཕྲལ་ཐབས་ལྷོར་སྤོས་ནག་ཟླའི་ནང་ངེད་སྤུན་ནས་བྲག་རྫོང་མའི་ལས་ཚོགས་ཤྭ་བཟློག་ཕོན་ཆེར་སྒྲུབ་པ་དང། ས་གར་ཐར་རྩེ་རྗེའི་སྐུ་རིམ་དྲུག་ཅུ་པ་ཞིག་ཀྱང་སྒྲུབ་དུས་གནས་གསར་རྡོ་རྗེ་འཆང་ཡང་ས་སྐྱར་ཕེབས་ཤིང་